དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།

ཐུབ་ཀྱིས་བྲིས།        2021-10-19

   དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།

   སྡེ་དགེའི་ཁམས་པའི་རིག་གནས་གླིང་དུ་ཐེངས་གཅིག་སོང་བ་ཡིན་ན། ཁྱེད་ཀྱིས་མ་དངུལ་སྒོར་དུང་ཕྱུར8.8བཏང་ཞིང་འཛུགས་སྐྲུན་རྒྱ་ཁྱོན་ཁྲི8ཡོད་ལ། དངོས་མང་བཤམ་སྟོན་དང་། ཞིབ་འཇུག་སྦྱོང་བརྡར། མྱོང་རོལ། བཟའ་བཏུང་། ཞག་སྡོད། སྤྲོ་གསེང་། ལྟ་སྐོར། རིག་གནས་གསར་འཆར། སྒྱུ་རྩལ་དམར་ཁྲིད་བཅས་ཕྱོགས་གཅིག་ཏུ་འདུས་ཤིང་ལྟེ་གནས12ལས་གྲུབ་ཡོད་པའི་ད་སྔའི་བར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེབ་བའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གླིང་ཁུལ་འདི་རུ་ཁམས་ཀྱི་རིག་གནས་དང་། གེ་སར་རིག་གནས། ཟུར་ལུགས་གསོ་རིག། མི་རིགས་ལག་རྩལ་རིག་གནས། གསར་བརྗེའི་རིག་གནས་སོགས་ལ་རྒྱུས་ལོན་གང་ལེགས་བྱེད་ཆོག་གི་ཡོད་པ་རེད།

  དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།

  དཔེར་ན་འབུར་བརྙན་བཟོ་རྩལ་མཁས་པའི་སོར་རྩེ་ལས་ཐོན་པའི་འབུར་བརྙན་བརྩམས་ཆོས་བོད་ཀྱི་དབྱངས་ཡིག་བཞི་ཞེས་པར་མཚོན་ནསྒྱུ་རྩལ་གྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་གཉིས་ཆ་ཡོད་ཅིང་། བལྟས་པ་ཙམ་གྱིས་གི་གུ་ཕོ་རོག་གི་མཆུ་བཀུག་པ་ལྟ་བུ་དང་ཞབས་ཀྱུ་ལྕགས་ཀྱུ་བསླངས་འདྲ། འགྲེང་བུ་སྤང་ལ་མདའ་ཐུར་ཟུག་འདྲ། ན་རོ་བྱ་ཁྱུང་ཆེན་གྱི་གཤོག་པ་རྐྱོང་འདྲ་ཡིན་པ་ལམ་སང་སེམས་ལ་ཝ་ལེར་ཤར་ཐུབ། དེ་ནི་རིག་གནས་ཀྱི་དོན་སྙིང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བསྟན་པའི་དཔེ་མཚོན་བཟང་པོ་ཞིག་ཡིན་པ་ཡང་བཤད་ག་ལ་དགོས།

 དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།
དབྱངས་བཞིས་གར་གྱི་སྟངས་སྟབས་བསྒྱུར་བ་ངོ་མཚར་ཆེ།

  དེའི་ཐོག་ནས་ང་ཚོས་མ་འོངས་པ་ན་དབྱངས་གསལ་གྱིས་གཙོས་པའི་བོད་ཀྱི་ཡིག་གཟུགས་ལས་གྲུབ་པའི་ཡུལ་སྐོར་སྒྱུ་རྩལ་ཐོན་རྫས་རིགས་སྣ་མང་དང་བོགས་ཆེ་ཆུང་གང་རུང་རུང་གི་རིག་གནས་གསར་འཆར་ཐོན་ལས་གཉེར་ཏེ་ཁྱད་ཆོས་ཐོན་རྫས་མང་པོ་མི་རྣམས་ཀྱི་མིག་ལམ་དུ་བཤམ་ཆོག་གི་ཡོད་པའི་བློ་སྒོ་ཡང་ཕྱེ་ཐུབ་ཡོད།


  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་ཁྲིམས་ཁང་གིས་ལང་ཚོ་དང་བཅའ་ཁྲིམས་མཉམ་སྐྱོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།