སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

ཐུབ་ཀྱིས་བསྒྱུར།        2021-10-13

སྤྱི་ཟླ10པའི་ཚེས11ཉིན་ལ་བརྩེ་སེམས་དཀར་མཛེས་ཁུལ་ལ་འཆང་། མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི2021ལོའི་དཀར་མཛེས་ཁུལ་གྱི་མཆུ་ཤོ་བའི་སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་དེ་དར་མདོ་ནས་སྤེལ་མགོ་ཚུགས་ཤིང་། སྤེལ་ཡུན་དུས་ཚོད་ནི་ཉིན5ཡིན་པ་རེད།

 

སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

  བྱ་སྤྱོད་དེ་ནི་མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི་དགེ་སྒྲུབ་ཐེབས་རྩ་ཚོགས་པས་སྤེལ་བ་དང་། དབྱི་ཅེ་རྒྱལ་སྤྱིའི་དགེ་སྒྲུབ་ཐེབས་རྩ་ཚོགས་པ་དང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་མཉམ་དུ་སྒྲུབ་གཉེར་བྱས་ཤིང་། ཝུའུ་ཧན་སློབ་ཆེན་ཁ་ནད་སྨན་ཁང་གིས་སྨན་བཅོས་ལག་རྩལ་རྒྱབ་སྐྱོར་བྱེད་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཡོང་བའི་རོགས་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཧུར་ཐག་ཀྱང་ཐོབ་ཡོད།

 སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

   གོང་ཚེས་ཉིན་ནས་བཟུང་། ཐེངས་འདིའི་བྱ་སྤྱོད་ཁྲོད་དུ་ཞུགས་པའི་ཝུའུ་ཧན་སློབ་ཆེན་ཁ་ནད་སྨན་ཁང་གི་ཁ་ནད་དང་འགྲམ་པའི་ཕྱི་ནད་ཚན་ཁག་གི་སྨན་པ་དང་སྨན་ཞབས་པའི་ཆེད་རམས་པའི་ཚོགས་པས་རྒྱལ་ཡོངས་ཀྱི་ས་གནས་མང་པོ་ནས་ཡོང་བའི་སྨན་བཅོས་དང་སྨན་བཅོས་མིན་པའི་དང་བླངས་པ32དང་མཉམ་དུ་རང་ཁུལ་གྱི་མཆུ་ཤོ་ནད་པ་ལ་གཅིག་བསྡུས་ཀྱིས་ཚགས་བཤེར་དང་། ཁག་བགོས་ནས་གཤག་བཅོས། སྐད་ཆའི་སྦྱོང་བརྡ་ཁྲིད་སྟོན་སོགས་བྱ་རྒྱུ་རེད། ད་ཆའི་བར་ཀྲེ་ཅང་རོགས་འཛུགས་གཞུང་ལས་ཁང་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྫོང་དང་གྲོང་ཁྱེར་ཁག་གི་སྨན་ཁང་། ཡུལ་སྡེའི་འཕྲོད་བསྟེན་ཁང་བཅས་ཀྱིས་དྲིལ་བསྒྲགས་སྐུལ་སློང་དང་། དྲྭ་ཐོག་དྲིལ་བསྒྲགས་བཅས་ཀྱི་ཐབས་ལམ་སྣ་མང་བརྒྱུད་དེ། མཆུ་ཤོ་ནད་པ130ལྷག་ལ་ཚགས་བཤེར་བྱས་ཤིང་། གཤག་བཅོས་ཀྱི་ཆ་རྐྱེན་འཛོམ་མཁན83ལ་གཤག་བཅོས་སྔོན་གྱི་འབྲེལ་ཡོད་ཞིབ་བཤེར་ལས་དོན་སྒྲུབ་ས་ཡོང་ས་དགོས་པའི་བརྡ་ཐོ་བཏང་ཡོད་པ་རེད།

སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

  མགོ་ཚུགས་མཛད་སྒོའི་ཐོག་ཏུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཁུལ་མི་དམངས་སྨན་ཁང་། མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི་དགེ་སྒྲུབ་ཐེབས་རྩ་ཚོགས་པ། ཝུའུ་ཧན་སློབ་ཆེན་ཁ་ནད་སྨན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་བྱ་སྤྱོད་ཀྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་ཤིང་།མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི་དགེ་སྒྲུབ་ཐེབས་རྩ་ཚོགས་པས་ཁུལ་མི་དམངས་སྨན་ཁང་དང་ཝུའུ་ཧན་སློབ་ཆེན་ཁ་ནད་སྨན་ཁང་ལ་སྒོ་ཡིག་ཀྱང་སྤྲད་པ་རེད།

 སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

  ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཆོས་མེ་ཡིས་རང་ཁུལ་ནི་མཆུ་ཤོའི་ནད་ཕོག་མཁན་མང་བའི་ས་ཆ་ཞིག་ཡིན་ལ། ནད་པ་ཕལ་ཆེར་མཚོ་འཕགས་མཐོ་བའི་ཞིང་འབྲོག་ཁུལ་ནས་ཡོང་བ་རེད། ཐེངས་འདིའི་དགེ་སྒྲུབ་བྱ་སྤྱོད་ཀྱིས་རང་ཁུལ་གྱི་མཆུ་ཤོའི་ནད་པའི་ཁྱིམ་ཚང་ལ་ཕན་ཆེན་པོ་ཐོབ་ངེས། གོ་སྐབས་འདི་དང་བསྟུན་ནས་རང་ཁུལ་གྱི་སྨན་བཅོས་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་ཀྱང་ཇེ་མཐོར་སོང་བ་དང་། ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ནད་པ་སངས་དྲག་ཡོང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

 སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

  ཐེངས་འདིའི་བྱ་སྤྱོད་ནང་དུ་བདམས་པའི་ནད་པ་ཡིན་ཕྱིན། སྡོད་བཅོས་སྨན་རིན་དང་། བརྟག་བཤེར་སྨན་རིན། སྦྲིད་སྨན་སྨན་རིན། གཤག་བཅོས་སྨན་རིན། སྨན་རྫས་འཛད་སྤྱོད་འགྲོ་སོང་སོགས་ཐམས་ཅད་རྩ་ཆག་བཏང་ཡོད། མཆུ་ཤོ་ནད་པ་ཚང་མ་བྱ་སྤྱོད་ཁྲོད་དུ་ཚུད་ཐུབ་པ་དང་འབྲེལ་ཡོད་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་པོ་མེད་པ་བཟོ་རྒྱུ་ཡིན་ཞེས་མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི་དགེ་སྒྲུབ་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་ལྟ་སྐུལ་བ་སི་སུང་མིང་གིས་དེ་ལྟར་བཤད་པ་རེད།

 སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།
སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་འདི།། བྱིས་པ་མཆུ་ཤོ་ཅན་གྱི་གྲོག།

   ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་མདུན་ལམ་འཛུམ་གྱིས་བསུ་ཞེས་པའི་དགེ་སྒྲུབ་ཐེབས་རྩ་ཚོགས་པའི་མཆུ་ཤོ་བའི་སྤྱི་ཕན་རོགས་སྐྱོར་བྱ་སྤྱོད་ཅེས་པ་ནི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་མཆུ་ཤོ་ནད་པ་དང་ཁ་ངོ་དང་མགོ་ཡ་མ་གཟུགས་ཡིན་མཁན་ལ་རིན་པ་མི་དགོས་པར་སྨན་བཅོས་བྱེད་པའི་དགེ་སྒྲུབ་ལས་གཞི་ཞིག་ཡིན་ཞིང་།ད་བར་སྤེལ་ནས་ལོ30ཕྱིན་ཡོད་ལ།འཛམ་གླིང་གི་མཆུ་ཤོ་ནད་པ75000ལྷག་ལ་རོགས་སྐྱོར་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སེམས་མཐའ་རླུང་ལ་བཏགས་ཚུལ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།