ཉག་རོང་རྫོང་ཁྲིམས་ཁང་ལ་དྲོད་སྐྱིད་ལྡན་པའི་རྒྱབ་སྐྱོར་ཐོབ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-13

ཉེ་ཆར། དབྱི་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཚུའེ་ཕིང་ཆུས་ཁྲིམས་ཁང་དང་ནན་ཞི་ཆུས་ཁྲིམས་ཁང་གི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གི་མི་སྣ11གི་སྣེ་འཁྲིད་དེ། ཉག་ཆུ་རྫོང་ཁྲིམས་ཁང་དུ་ལོ་འཁོར་འདིའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་རེད། ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་ལྟར་ཉག་རོང་རྫོང་ཁྲིམས་ཁང་གིས་ལས་བྱེད་པ་དང་ཉེན་རྟོག་པ4ཉག་ཆུ་རྫོང་ཁྲིམས་ཁང་དུ་མངགས་ནས་བྱེད་སྒོའི་ནང་དུ་ཞུགས་པ་རེད།

གསོ་སྦྱོང་ཚོགས་འདུའི་ཐོག་ཏུ། ཚུའེ་ཕིང་ཆུས་ཁྲིམས་ཁང་གི་ཁོར་ཡུག་དང་ཐོན་ཁུངས་འདྲི་གཅོད་ལྷན་ཚོགས་དང་དབྱི་པིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལོ་མང་རིང་གི་འདྲི་གཅོད་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་གན་རྒྱ་གཡོ་ལེན་རྒྱག་པའི་གྱོད་གཞི་དང་། དེ་བཞིན་དམངས་དོན་ཁྲིམས་གཞུང་གི་ངལ་རྩོལ་རྩོད་གཞིར་ཞིབ་ཕྲའི་སྒོས་འགྲེལ་བཤད་དང་བསམ་བློ་བརྗེ་རེས་བྱས་པ་རེད། ས་གནས་གཉིས་ཀྱི་ཁྲིམས་ཁང་གི་ཉེན་རྟོག་ལས་བྱེད་པས་ད་དུང“མཐུན་འབྲེལ་དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི”བྱེད་སྒོ་སྤེལ་བ་དང་། བློ་མཐུན7གྱིས་རང་ཉིད་ཀྱི་ལས་ཀའི་ཁྲོད་ཀྱི་བསམ་བློ་གཏོང་སྟངས་དང་ཟུང་འབྲེལ་བྱས་ནས་བསམ་ཚུལ་བརྗེ་རེས་བྱས་པས་ཕན་ཚུན་གྱི་མཛའ་བརྩེ་ཇེ་ཟབ་དང་ལྟ་རྒྱ་མཐོང་རྒྱ་ཆེ་རུ་ཕྱིན་ཡོད་པ་རེད། བྱེད་སྒོའི་ཁྲོད་དུ་དབྱི་པིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉག་རོང་རྫོང་ཁྲིམས་ཁང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི10ཞལ་འདེབས་བརྒྱབ་ནས་ཉག་རོང་རྫོང་ཁྲིམས་ཁང་གི་འཇོན་ནུས་མི་སྣ་གསོ་སྐྱོང་དང་ཁྲིམས་ཁང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་པར་རོགས་རམ་བྱས་པ་རེད།།



  • ལེ་ཚན་སྔོན་མ།: དཔལ་ཡུལ་རྫོང་གིས་གསར་བརྗེའི་རིག་གནས་སློབ་རར་སྤེལ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སེམས་མཐའ་རླུང་ལ་བཏགས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།