ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ལས་རིགས་སློབ་གླིང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་སློབ་མས་ཁས་ལེན་ཞིང་ཁྱིམ་བདག་གིས་བློས་འཁེལ་དང་སྤྱི་ཚོགས་ཡི་རང་བའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་འཛུགས་སྐྱོང་བྱ་དགོས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2021-10-11

ཉེ་ཆར། 2021ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི﹙རྒྱལ་ཁབ་སྲིད་འཛིན་སློབ་གླིང﹚སྟོན་དུས་སློབ་སྐབས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དུས་ཚོད་བེད་སྤྱོད་བྱས་ནས། ཆེད་དོན་དུ་དཀར་མཛེས་ལས་རིགས་སློབ་གླིང་དུ་སློབ་གཉེར་དང་སློབ་ཁུལ་འཛུགས་སྐྲུན་བྱས་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་ཞི་ཅིན་ཕིང་གིས་སྤྱི་ཟླ9པའི་ཚེས1ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭའི་མགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཚད་དཔོག་ལ་དམ་པོར་དམིགས་པ། སློབ་གླིང་གི་འཕེལ་རྒྱས་དང་དོན་དངོས་ཀྱི་དགོས་མཁོ་ལ་སྤྱི་འདོམས་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་མཐོ་ས་ནས་མགོ་བཙུགས་ཏེ་སློབ་གླིང་འཕེལ་རྒྱས་གཏོང་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སློབ་མས་ཁས་ལེན་ཞིང་ཁྱིམ་བདག་གིས་བློས་འཁེལ་བ་དང་ སྤྱི་ཚོགས་ཡི་རང་བའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་འཛུགས་སྐྱོང་བྱ་དགོས་ཞེས་གསུངས་པ་རེད། །



  • ལེ་ཚན་སྔོན་མ།: ཁྲེན་ཀོང་ཀྲི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:སེམས་སྐྱིད་ཞིང་རས་གྲོང་སྡེའི་མཛེས་ཉམས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།