རང་ཁུལ་གྱི་དུས་ཚིགས་བཞི་པའི་གལ་ཆེའི་ལས་གཞི་གཅིག་བསྡུས་ཀྱིས་ལས་མགོ་བཙུགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-10-18

སྤྱི་ཟླ10པའི་ཚེས8ཉིན།རང་ཁུལ་གྱིས་དར་མདོ་གྲོང་ཁྱེར་གཉའ་ལུང་མགོ་སྡེ་ཁུལ་དང་ཞིང་ཆེན་ཡོངས་དང་མཉམ་དུ2021ལོའི་དུས་ཚིགས་བཞི་པའི་གལ་ཆེའི་ལས་གཞིར་གཅིག་བསྡུས་ཀྱིས་ལས་མགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་ལས་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཏེང་ལི་ཅུན་གྱིས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡོན་མིང་ཀོང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལན་ཧུང་མགོ་ཚུགས་མཛད་སྒོའི་ནང་ཞུགས་པ་རེད།

ཏེང་ལི་ཅུན་གྱིས་རྟེན་འབྲེལ་ཤིས་ཚིག་འབུལ་སྐབས་གསུངས་དོན། རྫོང﹙གྲོང་ཁྱེར﹚དང་ཁུལ་རིམ་པའི་འབྲེལ་ཡོད་ཚན་པ་ཁག་གིས་མ་དངུལ་གཏོང་འཇོག་ཚད་མཐོན་པོའི་རྣམ་པ་སྲུང་འཛིན་བྱས་ནས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་། སེམས་ཤུགས་དང་ཐོན་ཁུངས། སྲིད་ཇུས། ཞབས་ཞུ་བཅས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ལྷུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁོར་ཁུག་ལེགས་ཤོས་བཏོད་པ། ལས་དུས་དམ་འཛིན་བྱེད་པ། མ་དངུལ་འཇོག་པའི་འཆར་གཞི་ཆ་ཚང་ལེགས་འགྲུབ་ཡོང་བ་བཅས་བྱ་དགོས། ལས་གཞིའི་དོ་བདག་སྡེ་ཚན་གྱིས་ངེས་པར་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་གཞིར་དམ་པོ་དམིགས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་འཕེལ་རིམ་སྤུས་ཚད་ལ་དམ་འཛིན་བྱ་དགོས་ལ། ལས་གཞིའི་སྔོན་འགྲོ་གྲ་སྒྲིག་ལ་ཡང་དམ་འཛིན་བྱ་དགོས། ཨར་ལས་སྡེ་ཚན་ཁག་གིས་ཉེན་མེད་དང་གོ་རིམ་ལྡན་པ། ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན། ཚན་རིག་དང་མཐུན་པ་བཀོད་གཏོང་། སྤུས་ཚད་འགན་ལེན། འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལས་གཞི་སྔ་ཙམ་ལས་མཇུག་འགྲིལ་རྒྱུར་སྐུལ་འདེད། ཞིབ་བཤེར་བྱ་རྒྱུར་སྔ་ཙམ་སྤྲོད་པ། སྔ་ཙམ་ཐོན་སྐྱེད་བྱེད་མགོ་ཚུགས་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན་ཐེངས་འདིར་གཅིག་བསྡུས་ཀྱིས་ལས་མགོ་ཚུགས་པའི་ལས་གཞི་ཁྱོན་བསྡོམས40ཡོད་པ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར341བཏང་བ་དེའི་ནང་ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་གཞི9ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར243.34བཏང་བ་དེས་མ་དངུལ་འཇོག་གྲངས་བསྡོམས་འབོར་ལས་བརྒྱ་ཆ71བཟུང་བ་རེད།།



  • ལེ་ཚན་སྔོན་མ།:དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།