དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།

ཐུབ་ཀྱིས་བསྒྱུར།        2021-10-15

   དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།

  ལི་ཐང་རྫོང་སྨན་ཁང་དེ་ཁུལ་ནང་ཁུལ་གྱི་རུས་ནད་ཚན་ཁག་གི་དམིགས་འཛུགས་སྨན་ཁང་ཁོ་ན་ཡིན་པའི་ཆ་ནས། ད་ལོའི་ཟླ་བ8པའི་ཚེས18ཉིན་ནས་བཟུང་དཀར་མཛེས་ཁུལ་ཁོངས་ཡོངས་ལ་ཕྱོགས་ནས་དཔྱི་ཚིགས་དང་པུས་ཚིགས་བརྗེ་བ་དང་། རུས་པ་རྨས་ཆག་གི་གཤག་བཅོས་བྱེད་མགོ་ཚུགས་པ་རེད།

 དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།

     རོགས་སྐྱོར་གྱི་ཁྱབ་ཁོངས་རིགས་གསུམ་དུ་བགོས་ཡོད་ལ། རིགས་དང་པོ་ནི་ཐེམ་ཐོ་དཀར་མཛེས་ཁུལ་གྱི་ཡིན་པའི་དབུལ་པོའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ནད་པ་ཡིན། ནད་པ་དེ་རིགས་ཀྱིས་སྒོ་བསྟེན་ནད་བཤེར་གྱི་འགྲོ་སོང་དགོས་ངེས་ཉུང་ངུ་སྤྲད་པ་ལས་སྡོད་བཅོས་སྨན་རིན་ཐམས་ཅད་རྩ་ཆག་གཏང་རྒྱུ་རེད། རིགས་གཉིས་པ་ནི་དཀར་མཛེས་ཁུལ་གྱི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལག་ཁྱེར་ཡོད་མཁན་གྱི་ནད་པ་ཡིན། དེ་རིགས་ལ་རྒྱུན་ལྡན་གྱི་འགྲོ་སོང་རྩིས་ཞུ་བྱས་རྗེས་མི་རེ་ལ་སྒོར2500ཡི་ཁ་གསབ་ཡོད། རིགས་གསུམ་པ་ནི་རང་གིས་འགྲོ་སོང་སྤྲད་པའི་ནད་པ་ཡིན། མི་རེ་ལ་ཁ་གསབ་སྒོར3000ཡོད།

 

དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།

     ཐེངས་འདིའི་སྨན་བཅོས་རོགས་སྐྱོར་བྱ་ཡུལ་ནི་རུས་རྨས་ཚན་ཁག་གི་རུས་ཚིགས་ནད་པ་དང་རུས་ཆག་ནད་པ་ཡིན་ཞིང་། ལི་ཐང་རྫོང་སྨན་ཁང་གི་རུས་རྨས་ཚན་ཁག་གིས་རོགས་སྐྱོར་ལས་འགན་ཁུར་ཡོད། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ལི་ཐང་རྫོང་དུ་བཅར་བཞུགས་སྨན་བཅོས་རོགས་སྐྱོར་རུ་ཁག་གི་འབུམ་རམས་པ་དབྱང་ཞན་ཁྲུན་གྱི་སྣེ་ཁྲིད་འོག། སྤྱི་ཟླ10པའི་ཚེས8ཉིན་གྱི་བར། རྫོང་སྨན་ཁང་གིས་པུས་ཚིགས80དང་། དཔྱི་ཚིགས7དང་། བརླ་རྐང་གི་རུས་ཐོ་གཅིག་བཅས་བརྗེ་བའི་གཤག་བཅོས་བྱས་པའི་ཁར། རུས་པ་རྨས་ཆག་དང་འབྲེལ་བའི་གཤག་བཅོས་རིགས30བྱས་པ་རེད།

 

དཔྱི་ཚིགས་དང་པུས་ཚིགས་བརྗེ་དགོས་ན་ལི་ཐང་རྫོང་སྨན་ཁང་དུ་འགྲོ་ཆོག།

     རོགས་སྐྱོར་ལས་གཞི་འདི་ལ་སྒོར་ཁྲི18བཏང་བ་དང་ནད་པ60ལ་རོགས་སྐྱོར་བྱས་ཡོད། གཟའ་འཁོར་རེ་ལ་ནད་པ་བདུན་ནས་བརྒྱད་བར་གཤག་བཅོས་ཐུབ་ཀྱི་ཡོད། ད་སྔའི་ནད་པ་མང་ཆེ་བ་ལི་ཐང་རྫོང་གི་ཡིན་ཞིང་། འདབ་པ་དང་འབའ་ཐང་། ཉག་ཆུ། ཉག་རོང་བཅས་ཀྱི་ནད་པ་ཉུང་ཤས་ཡོད། 

   གལ་ཏེ་ཁྱེད་རང་ད་ལྟ་ལི་ཐང་རྫོང་སྨན་ཁང་དུ་བརྟག་བཅོས་བྱེད་སར་འགྲོ་རྒྱུའི་གྲ་སྒྲིག་ཡོད་ན། དོ་སྣང་བྱ་དགོས་པ་གཅིག་ནི་སྔོན་ལ་ནད་པ་མང་པོ་ཡོད་པས་གཟའ་འཁོར་གསུམ་གྱི་རྗེས་ནས་ད་གཟོད་དུས་ཆད་བྱེད་ཆོག། གཉིས་ནི་ནད་པ་དང་ཡང་ན་འབྲེལ་ཡོད་ཁ་པར་ལ་ནོར་འཁྲུལ་མེད་པ་དང་དུས་ནམ་ཡང་རྒྱག་ཐུབ་པ་བྱ་དགོས། གསུམ་ནི་རོགས་སྐྱོར་ལས་གཞི་འདི་ད་ལོའི་སྤྱི་ཟླ12པའི་ཟླ་མཇུག་ནས་མཇུག་རྫོགས་རྒྱུ་རེད།།

 

 



  • ལེ་ཚན་སྔོན་མ།:ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་།། ཡུལ་མིའི་འཚོ་བ་ཉིན་བཞིན་ཇེ་ཡག་ཕྱིན།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།