དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

ཡེ་ཤེས་ཀྱིས་བསྒྱུར།        2021-10-14

དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

གངས་རི་དང་མཚེའུ་ནི་མཐོ་སྒང་མཛེས་ལྗོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མི་རྣམས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཁྲོད་གངས་རི་དང་མཚེའུ་ཡི་སྣང་བརྙན་ནི་མེད་དུ་མི་རུང་བ་ཞིག་རེད། རི་སྒལ་ནས་གངས་དཀར་རི་བོ་ལ་ལྟད་མོ་ལྟ་ཆོག་པའི་རྐང་ཐང་ལམ་བུའི་ཐོག་ད་དུང་ཅུང་ཆུང་བའི་རྐང་ཐང་སྐྱོད་པའི་ལམ་ཐིག་ཅིག་ཡོད་པ་དེ་ནི་མཚེའུ་ནས་མཚེའུ་བརྒྱུད་པ་ཡིན་ལ་ལམ་ཐིག་ཧྲིལ་པོ་ལ་གངས་དཀར་རི་བོའི་བརྗིད་ཉམས་མཐོང་ཐུབ།

དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

       མཚོ་ལ་བརྒྱུད་ནས་གངས་དཀར་རི་བོར་ལྟད་མོ་ལྟ་སའི་ལམ་ཐིག་གི་ལམ་ཐག་ཉིན་ཞག་གཅིག་གི་དུས་ཚོད་དགོས་ཤིང་། ཉིན་དང་པོར་དར་མདོ་གྲོང་ཁྱེར་གངས་དཀར་རི་བོ་ཡུལ་ཤོག་མུན་རྒྱ་གྲོང་སྡེ་ནས་མུན་རྒྱ་མཚེའུ་ཡི་བར་ཆུ་ཚོད་གཉིས་ཙམ་འགྲོ་དགོས། མཚེའུ་ཡི་འགྲམ་ལ་ཞག་གཅིག་བསྡད་ན་དེའི་རིང་ཉི་འོད་འཕྲོ་པའི་གསེར་རིའི་མཛེས་ལྗོངས་མཐོང་རྒྱུ་ཡོད། ཉིན་གཉིས་པར་མུན་རྒྱ་མཚེའུ་ནས་འགྲོ་མགོ་བརྩམས་ཏེ་རི་སྒལ་ནས་ཆུ་ཚོད་གཉིས་ཙམ་འགྲོ་ན་ཉི་མ་ཟླ་བའི་མཚེའུ་ལ་སླེབས། དེ་ནས་མུ་མཐུད་དེ་རི་སྒལ་བརྒྱུད་ནས་ཆུ་ཚོད་གཉིས་ཙམ་སོང་ན་ཟླ་བ་ཞབས་མའི་མཚེའུ་ལ་སླེབས། ལྷོ་ཕྱོགས་སུ་སྙིང་དབྱིབས་འདྲ་བའི་མིང་མེད་མཚེའུ་ཞིག་འདུག། དེ་ནས་གྲོག་རོང་བརྒྱུད་ནས་ཡིད་ལྷུང་ཤུལ་གྲོང་སྡེའི་གཞུང་ལམ་ཐོག་སོང་ན་ཐེངས་འདིའི་འགྲུལ་བཞུད་ཧྲིལ་པོ་མཇུག་འགྲིལ་བ་རེད།

དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།
དར་མདོ་ནས་མཚོ་ལ་བརྒྱུད་དེ་གངས་དཀར་རི་བོའི་མཛེས་ལྗོངས་ཉམས་སུ་མྱོང་དུ་སྐྱོད།

མཚོ་ལ་ནས་གངས་དཀར་རི་བོ་ལ་འགྲོ་བའི་རྐང་ཐང་ལམ་བུའི་ཁྲོད་མུན་རྒྱ་མཚོའུ་དང་། ཉི་མ་ཟླ་བ་མཚེའུ། ཟླ་བ་ཞབས་མ་མཚེའུ། མིང་མེད་མཚེའུ་ཆེ་ཆུང་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བ། ཚོན་མདོག་མི་འདྲ་བ་བཅས་སོ་སོར་རང་རང་གི་མཛེས་སྡུག་རེ་མཆིས། ། 


  • ལེ་ཚན་སྔོན་མ།:གནས་ཆེན་སེང་ལྕམ་གངས་རའི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།