ལྕགས་ཟམ་རྫོང་ཁྲིམས་ཁང་གིས་ལང་ཚོ་དང་བཅའ་ཁྲིམས་མཉམ་སྐྱོང་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-10-18

སློབ་མའི་ཁྲིམས་ལུགས་ཉེན་མེད་ཀྱི་འདུ་ཤེས་དང་རང་ངོས་ཀྱི་འགོག་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་འབྱུང་རྒྱུ་ཇེ་ཉུང་དང་སྔོན་འགོག་བྱ་ཆེད། ལྕགས་ཟམ་རྫོང་ཁྲིམས་ཁང་གིས་རྒྱུན་མཐུད་དུ“ཁྲིམས་ལུགས་སློབ་གྲྭར་སྤེལ་བའི”བྱེད་སྒོ་སྤེལ་བ་རེད། ད་སྔར། ཁྲིམས་ཁང་དེའི་ཉེས་དོན་ཁྲིམས་དཔོན་དུང་དཀར་ལུང་པའི་སློབ་འབྲིང་དུ་བསྐྱོད་དེ་ཁྲིམས་ལུགས་སློབ་གྲྭར་སྤེལ་བའི་བརྗོད་དོན་གྱི་འཛིན་གྲྭའི་ཚོགས་འདུ་འཚོགས་ཏེ། སློབ་གྲྭ་དེའི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མར“ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་ནས། དྭངས་གཙང་གི་དྲྭ་རྒྱའི་བར་སྟོང་འཛུགས”ཅེས་པ་དང“སློབ་མས་དུག་རྫས་དང་འབྲེལ་ཐག་བཅད་ནས། དུག་མེད་ཀྱི་སློབ་གྲྭའི་ཁོར་ཡུག་བསྐྲུན”ཅེས་པའི་ཁྲིམས་དཔོན་འཆད་ཁྲིད་བྱས་པ་རེད།

ཁྲིམས་དཔོན་གྱི་འཆད་ཁྲིད་མཇུག་བསྒྲིལ་རྗེས། སློབ་གྲོགས་ཚོས་ད་ཐེངས་ཀྱི་ཁྲིམས་དཔོན་འཆད་ཁྲིད་དང་ཤེས་བྱ་འགྲན་བསྡུར་བྱས་པ་བརྒྱུད་ནས། ཁོ་ཚོས་དུག་རྫས་དང་། ཆ་འཕྲིན་དྲ་རྒྱའི་ཉེས་གསོག སློབ་རའི་བཙན་རྒོལ་བཅས་ཀྱི་གནོད་འཚེ་ལ་སྔར་ལས་རྒྱུས་ལོན་དང་ཤེས་རྟོགས་བྱུང་བར་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱར་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་བ་དང་། ཕྱིར་ལོག་རྗེས་ཤེས་རྟོགས་བྱུང་བའི་བཅའ་ཁྲིམས་ཤེས་བྱ་དག་ཕ་མ་དང་གཉེན་ཉེར་ཤེས་སུ་བཅུག་ནས་ཁོང་ཚོར་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱ་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་གསོད་མེ་ཟོན་གྱི་འཇོན་ནུས་ཇེ་དྲག་གཏོང་བའི་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།