བྲག་མགོ་རྫོང་ཁྲིམས་ཁང་གིས་མངོན་གསལ་དུ་གྱོད་དཔེ་ལ་གཞིགས་ནས་ཁྲིམས་ལུགས་བསྒྲགས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-02

ཉེ་ཆར། བྲག་འགོ་རྫོང་ཁྲིམས་ཁང་གིས་མངོན་གསལ་དུ་ཁྲིམས་ར་འཚོགས་ནས་ཤིང་ནགས་རྐུ་གཅོད་ཀྱི་ཉེས་དོན་དང་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ་དང་། ཁྲིམས་ཁང་དེའི་འདྲི་གཅོད་པ3དང་མི་དམངས་འདྲི་གཅོད་ལས་རོགས་པ4ལས་གྲུབ་པའི་མི་བདུན་གྱི་མཉམ་གྲོས་ཁྲིམས་རས་གྱོད་གཞི་དེར་འདྲི་གཅོད་བྱས་པ་རེད།

ད་ཐེངས་ཀྱི་ཁྲིམས་རའི་འདྲི་གཅོད་ནང་བྲག་མགོ་རྫོང་ཁྲིམས་ཁང་གིས་ད་དུང་རྫོང་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན།དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་ཁྱོན་བསྡོམས་མི100ལྷག་ཙམ་གདན་འདྲེན་ཞུས་ནས་གྱོད་གཞི་དེའི་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཤིང་། ཁོ་ཚོར་ཉེ་བཅར་ཉེ་ཚོར་ས་ནས་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་ལ་རྒྱུས་ལོན་གཏིང་ཟབ་དང་ལྟ་སྐུལ་བྱེད་དུ་བཅུག་ནས་ཁྲིམས་འཛིན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་བས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་བཅའ་ཁྲིམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་ནུས་ལྡན་བྱུང་བའི་རྣམ་པ་མངོན་དུ་གྱུར།

ཟུར་ཉན་འཐུས་མི་ཁག་གཅིག་གིས་ད་ཐེངས་ཀྱི་ཡོངས་བསྒྲགས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་ནང་ཞུགས་པར་བརྒྱུད་ནས། ཁྲིམས་རའི་འདྲི་གཅོད་བྱ་ཡུལ་དེ་བཅའ་ཁྲིམས་ཁྱབ་གདལ་སློབ་ཁང་དུ་གྱུར་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོའི་ནུས་པ་ཧ་ཅང་ཡག་པོ་ཐོན་སོང་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།