ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-01

ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག

   ལ་ངོས་ཡུལ་ཤོག་ནི་ལྕགས་ཟམ་རྫོང་གི་གྲོང་ཁུལ་དང་སྤྱི་ལེ20ལྷག་རྒྱང་བ་རེད། 1935ལོའི་སྤྱི་ཟླ10པའི་ཚེས20ཉིན།དམར་དམག་དཔུང་ཁག་བཞི་པས《འགག་སྨད་དང་ལུའུ་ཧྲན། མིང་ཧྲན། གཡག་རྔ། ཆང་ལེན་བཅས་ཀྱི་གཡུལ་འགྱེད་ཆེན་པོའི་འཆར་གཞི》ལག་བསྟར་བྱས་ཏེ་ལྷོ་ཕྱོགས་སུ་བསྐྱོད་དེ་གཡག་རྔ་ལ་ཕར་རྒོལ་བྱས་པ་རེད། གཡས་ཕྱོགས་གཞུང་སྒྲིག་རུ་ཁག་གི་དམག་ཇུས་པ་ཉི་ཀྲི་ལའང་གིས་དམར་དམག་དཔུང་སྡེ4བ་དང་དཔུང་སྡེ32བ་ཁྲིད་ནས་ཁག་བགོས་ཏེ་རོང་བྲག་དང་སུང་ཀང་ས་ཁུལ་ནས་ལམ་ལ་ཆས་པ་རེད། དཔུང་སྡེ4བའི་གཙོ་ཤུགས་དེ་མའེ་པུན་དང་ཝུའུ་ཉི་ཀང་།རུའོ་ཉི་ཀང་།ཡུས་ཅ་གྲོང་སྡེ་བཅས་བརྒྱུད་དེ་དགྲ་དམག་ཚར་བཅད་ནས་སྤྱི་ཟླ11པའི་ཚེས3ལ་ཨང་ཀྲོའུ(དེང་གི་ལ་ངོས)རུ་བཅའ་སྡོད་བྱས། དམར་དམག་དཔུང་སྡེ32བས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དེད་ནས་མར་བསྐྱོད་དེ་དམར་དམག་དཔུང་སྡེ4བའི་གཙོ་ཤུགས་ཤར་རྒྱུ་འགག་སྨད་ལ་སྐྱོད་པར་འགེབས་སྲུང་བྱས་པ་རེད། །

  • ལེ་ཚན་སྔོན་མ།:སོན་བཟང་ནང་འདྲེན་བྱས་ནས་ལོ་ཏོག་གི་ཐོན་ཚད་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།