ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-03

སི་ཁྲོན་ལུས་རྩལ་རྒྱན་ཤོག་གིས་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྤྱི་ཕན་ཞལ་འདེབས་བྱེད་སྒོ་སྤེལ།

ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།
རོགས་སྐྱོར་ཞལ་འདེབས་ཀྱི་ཡུལ་དངོས།

ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།
སློབ་མས་ཐུགས་རྗེ་ཞུ་ཚུལ།

ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།
ཡོ་བྱད་བེད་སྤྱོད་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

ཞིང་ཆེན་ལུས་རྩལ་ཅུས་ཀྱིས“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཉེ་ཆར། སི་ཁྲོན་ལུས་རྩལ་རྒྱན་ཤོག་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་ཀྱིས་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱེད། ཡུལ་སྡེའི་སློབ་གྲྭའི་ནང་དུ་ཧུར་ཐག་ཞུགས་ཞེས་པའི་གཙོ་དོན་སྤྱི་ཕན་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད།

2021ལོའི་ཁ་བ་ཐེངས་དང་པོ་བབས་པ་དེས་དར་རྩེ་མདོའི་མཁའ་རླུང་སྔར་ལས་གཙང་བར་བཟོས་ལ་ཚོད་ལྟའི་སློབ་ཆུང་གི་ལུས་རྩལ་ཐང་ཡང་སྔར་ལས་འཁྲུག་ཆ་དོད་པོར་གྱུར་འདུག། དཀར་མཛེས་ཁུལ་ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་ཡན་ལག་རུ་ཁག་ཆུང་བས་སྤོ་ལོ་དང་།ཐེ་པེད།བྱ་སྒྲོའི་སྤོ་ལོ།འཕེན་འཕངས་སྤོ་ལོ།ཐག་མཆོང་སོགས་ལུས་རྩལ་སློབ་ཁྲིད་ཡོ་བྱད་སོགས་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་འགན་འཁུར་བར་སྤྲད་ནས་སློབ་གྲྭ་དེའི་སློབ་མའི་ལུས་རྩལ་སྦྱོང་བརྡར་ལ་དངོས་པོའི་རྨང་གཞི་ལེགས་པོ་བཏིང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞལ་འདེབས་འབུལ་ཡུལ་དུ་དཀར་མཛེས་ཁུལ་ལུས་རྩལ་རྒྱན་ཤོག་གི་སྤྱི་ཕན་ཡན་ལག་རུ་ཁག་ཆུང་བའི་འབྲེལ་ཡོད་མི་སྣ་སློབ་གྲྭར་ཡོང་ནས་སློབ་གྲྭའི་ལུས་རྩལ་བྱེད་སྒོ་སྤེལ་ཚུལ་ལ་རྒྱུས་ལོན་བྱས་ཏེ་དེ་མཚུངས་ཀྱི་ལུས་རྩལ་ཡོ་བྱད་ཉོ་སྒྲུབ་བྱས་ཏེ་ཞལ་འདེབས་འབུལ་བའི་ཡོ་བྱད་ཀྱི་ནུས་པ་འདོན་སྤེལ་དང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རམ་འདེགས་བྱས་པ་རེད།

དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་བཀྲ་ཤིས་སྒྲོལ་མས་དཀར་མཛེས་ཁུལ་ལུས་རྩལ་རྒྱན་ཤོག་གི་ཁོངས་མིའི་ལག་ནས་ལུས་རྩལ་ཡོ་བྱད་སྣ་ཚོགས་བླངས་ཏེ། ང་ཚོའི་སློབ་གྲྭས་ལུས་རྩལ་སློབ་གསོར་མཐོང་ཆེན་བྱེད་བཞིན་ཡོད། དེ་སྔོན་ལུས་རྩལ་ཡོ་བྱད་དཀོན་པོ་ཡིན་པས་ལས་ཀ་མང་པོ་ཞིག་བསྒྲུབ་པའི་འགལ་རྐྱེན་དུ་གྱུར་ཡོད། སི་ཁྲོན་ལུས་རྩལ་རྒྱན་ཤོག་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་ཀྱིས་ཐེངས་འདིར་ངེད་སློབ་གྲྭར་ལུས་རྩལ་ཡོ་བྱད་བྱིན་པ་བཀའ་དྲིན་ཆེ། ང་ཚོས་ཡོ་བྱད་བེད་སྤྱོད་གང་ལེགས་བྱེད་ངེས་ཡིན”ཞེས་བཤད།

དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གཙོ་བཀྲ་ཤིས་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེར་ཁྱོན་དགེ་སློབ 400ལྷག་ཡོད་པ་དང་། ལུས་རྩལ་སྦྱོང་བརྡར་གྱི་བྱེད་སྒོར་མཐོང་ཆེན་བྱེད་བཞིན་ཡོད་ལ་སློབ་མ་ཚོར་ཉིན་རེར་ཉུང་མཐར་ཡང་ལུས་རྩལ་སྦྱོང་བརྡར་གྱི་དུས་ཚོད1གི་སྤྲད་ཀྱི་ཡོད། ད་དུང་སློབ་གྲྭས་ཐུན་མིན་གྱི་སློབ་གསེང་ཐག་མཆོང་ལུས་རྩལ་གསར་གཏོད་བྱས་ཡོད་པས་ལུས་རྩལ་སྦྱོང་བརྡར་བྱེད་སྒོར་ལུས་རྩལ་གྱི་ཡོ་བྱད་འབོར་ཆེན་དགོས་ཀྱི་ཡོད། ད་ཐེངས་ཞལ་འདེབས་བརྒྱབ་པའི་ལུས་རྩལ་ཡོ་བྱད་དག་ནི་དུས་ཐོག་གི་ཆར་བར་གྱུར་ཡོད།

སི་ཁྲོན་ལུས་རྩལ་རྒྱན་ཤོག་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་ཀྱིས་འབྲེལ་ཡོད་མི་སྣས་ལུས་རྩལ་སློབ་གསོ་ནི་བྱང་ཚད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སློབ་མའི་ལུས་སེམས་བདེ་ཐང་དུ་གཏོང་བའི་ལས་འགན་ལྕི་པོ་ཁུར་ཡོད་པ་བརྟེན། ཐབས་མང་མཉམ་སྤྱོད་ཀྱིས་ལོ་ཆུང་གཞོན་ནུའི་གཟུགས་གཞི་བདེ་ཐང་དུ་གཏོང་བ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོའི་ལུས་རྩལ་རྒྱན་ཤོག་དེ་རྒྱལ་ཁབ་ཀྱི་སྤྱི་ཕན་རྒྱན་ཤོག་ཞིག་ཡིན་པའི་ངོས་ནས་སློབ་གྲྭའི་ལུས་རྩལ་སློབ་གསོའི་ལམ་བུའི་ཐོག་ཏུ་ནམ་ཡང་སྟོབས་ཤུགས་ཡོད་རྒུས་མདུན་བསྐྱོད་བྱེད་བཞིན་ཡོད་ལ། ཞལ་འདེབས་སྤྱི་ཕན་རོགས་སྐྱོར་བྱེད་པ་བརྒྱུད་ནས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་ཡུལ་སྡེ་སློབ་གྲྭའི་ལུས་རྩལ་སློབ་གསོར་རོགས་སྐྱོར་བྱས་ནས་ཕྲུ་གུ་ཚོ་ཁྱོན་ཡོངས་ནས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ད་ཆ་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཁག་གཅིག་ལ་ལུས་རྩལ་གྱི་སྒྲིག་ཆས་མི་འདང་བའི་གནས་ཚུལ་ཡོད་པ་དང་། སི་ཁྲོན་ལུས་རྩལ་རྒྱན་ཤོག་གིས་དུས་ཡུན་རིང་པོའི་ནང་འགན་འཁྲི་ཕྲག་ཏུ་ཁུར་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་གྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་ཁག་སྤེལ་བར་བརྒྱུད་ནས། སྤྱི་ཚོགས་ལས་རིགས་ཁག་གིས་སློབ་གསོའི་བྱ་གཞག་ལ་སྔར་ལས་གཅེས་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ཁྲིད་བྱས་པས། སློབ་གྲོགས་ཚོས་སློབ་སྦྱོང་བྱེད་པ་དང་དུས་མཚུངས་སུ་ལུས་རྩལ་ལ་དགའ་བ་དང་ལུས་རྩལ་ལོངས་སུ་སྤྱོད་པ། ལུས་རྩལ་སྦྱོང་བརྡར་གྱི་གོམས་གཤིས་ཏེ་འཚོ་བའི་གོམས་གཤིས་སུ་ཆགས་པར་བྱ་དགོས་པར་མ་ཟད། སློབ་གྲྭས་སློབ་གྲོགས་ཚོའི་སྤྲོ་སྣང་གསོ་སྐྱོང་གང་ལེགས་བྱས་ཏེ།“ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱད། ངལ་རྩོལ”བཅས་ཕྱོགས་ཡོངས་ནས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་པའི་རེ་བ་ཡོད། སླད་ཕྱིན་སི་ཁྲོན་ལུས་རྩལ་རྒྱན་ཤོག་དཀར་མཛེས་ཁུལ་ཡན་ལག་ལྟེ་གནས་ཀྱིས་ད་དུང་དཀར་མཛེས་ཁུལ་གྱི་དགོས་མཁོ་ཡོད་པའི་ཡུལ་སྡེ་སློབ་གྲྭར་མུ་མཐུད་དོ་ཁུར་བྱས་ནས་ཡུལ་སྡེའི་སློབ་གསོ་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱ་ཐབས་བཞི་སྤྱད་ནས་བཟོ་ལས་དཔལ་འབྱོར་ཉམས་འགོག་བསྐྱར་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་ཞིང་པ་གླ་པའི་ ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།