རང་ཁུལ་གྱིས་བྱ་ཐབས་བཞི་སྤྱད་ནས་བཟོ་ལས་དཔལ་འབྱོར་ཉམས་འགོག་བསྐྱར་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-03

སྤྱི་ཟླ10པའི་ཚེས27ཉིན་ལ། གསར་འགོད་པས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དང་པོ་ནས་ཟླ་བ9པའི་བར་རང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་འཕར་ཚད་བརྒྱ་ཆ0.1﹙བརྒྱ་ཆ0.2ཆག་ཡོད། གླིང་ཁུལ་ནང་དུ་ཚུད།﹚དུས་ཚིགས་གཉིས་པར﹙བརྒྱ་ཆ12.4ཡིན﹚བརྒྱ་ཆའི་གྲངས12.3ཆག་པ་དང་། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས﹙བརྒྱ་ཆ10.7﹚10.6དམའ་རུ་སོང་ཡོད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་དཔལ་འབྱོར་འཕར་ཚད་མུ་མཐུད་ངང་ཆག་པའི་ཛ་དྲག་གི་དུས་བབ་མདུན་དུ་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་ཉམས་འགོག་བསྐྱར་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

གཅིག་ནི་གཙོ་ཁྲིད་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ནི་གཞི་ཁྱོན་གྱི་ཚད་གཞི་སྤར་བ་དང་བརྟན་པོར་གནས་ཐུབ་པ་གལ་ཆེ་མཉམ་བརྩི་བྱས་ནས་དཔལ་འབྱོར་འཕར་བར་འགན་ལེན་བྱ་དགོས། གསུམ་ནི་གཙོ་གནད་རྫོང་དང་གྲོང་ཁྱེར་མངོན་གསལ་དུ་བཞག་ནས་ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བྱ་དགོས། བཞི་ནི་སྙན་ཞུ་འབྲེལ་མཐུད་ལ་ཤུགས་བརྒྱབ་ནས་དཀའ་གནད་བསལ་དགོས་པ་བཅས་སོ།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་ཕུག་ལམ་དང་པོ་དབུག་རན་ཡོད།
  • ལེ་ཚན་རྗེས་མ།:ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།