རྟའུ་རྫོང་གིས་ཞིང་པ་གླ་པའི་ ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-03

རྟའུ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཟུང་འབྲེལ་བྱས་ནས་ཞིང་པ་གླ་པའི་ངལ་རྩོལ་ལས་བཟོ་བེད་སྤྱོད་དོ་དམ་ཚད་ལྡན་དུ་བཏང་སྟེ། མི་སྤྱོད་སྡེ་ཚན་དང་ཞིང་པ་གླ་པ་ཡི་བར་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་པར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་ཞིང་པ་གླ་པ་ཡི་གླ་ཆ་དུས་ཐོག་ཏུ་སྤྲད་རྒྱུར་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ངལ་རྩོལ་ལྟ་ཞིབ་ལ་ཤུགས་བརྒྱབ་ནས་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོང་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། ཞིང་པ་གླ་པ་ཡི་ངལ་རྩོལ་རྩོད་གཞི་དང་ཞུ་གཏུག་གྱོད་གཞིའི་ཁེ་དབང་དུས་ཐོག་ཏུ་ཁྲིམས་ལྟར་སྲུང་སྐྱོང་དང་ཐག་གཅོད་བྱས་ནས། ཞིང་པ་གླ་པ་ཡི་གླ་ཆ་འགྱངས་ཆད་ཀྱི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པར་ཞིང་པ་གླ་པ་ཡི་ངལ་རྩོལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

རྫོང་དེས་བརྡ་ཐོ་བཏང་ནས་མི་སྤྱོད་སྡེ་ཚན་དང་ཞིང་པ་གླ་པ་ཡི་བར་ངལ་རྩོལ་གན་རྒྱ་བརྒྱ་ཆ100འཇོག་པ་དང་དུས་བཀག་ནང་ཁེ་ལས5བཅོས་སྒྲིག་བྱ་རྒྱུའི་འགན་དཀྲིས། ལས་གཞི་འཛུགས་སྐྲུན་བྱེད་བཞིན་པ50ལྷག་ཙམ་ལ་མིང་ངོ་མ་འགོད་པའི་ལམ་ལུགས་དང་རྩིས་ཐོ་བགོ་བ། དངུལ་ཁང་གིས་གླ་ཕོགས་ཚབ་གཏོང་བྱེད་པ་བཅས“དོ་དམ་ཁག་གསུམ”ལག་བསྟར་བྱས་ཡོད་པ་རེད།

ཁེ་ལས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ལས་དོན་སྤེལ་ནས། གཙོ་གནད་ཐོག་ཨར་སྐྲུན་ཚན་པ54ལ་ལྟ་ཞིབ་བྱས་པ་དང་། སྤྱི་བདེ་དང་དང་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས་དུས་ཚིགས་རེར་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཚགས་བཤེར་ཐེངས་གཅིག་བྱེད་ཀྱི་ཡོད་པ་དང་། མིག་སྔར་མི་སྤྱོད་སྡེ་ཚན་གྱི་འགན་འཁུར་བ་མི21དང་འདྲི་མོལ་བྱ་རྒྱུའི་ཁ་ཆད་བྱས་ཡོད། ཁ་བརྡ་ཐེངས་གསུམ་བྱས་ཀྱང་ད་དུང་སྔར་བཞིན་གླ་ཕོག་མི་སྤྲོད་པའི་མི་སྤྱོད་སྡེ་ཚན་དག“མིང་ཐོ་ནག་པོའི”ནང་བཅུག་ནས་དོ་དམ་བྱ་རྒྱུ་རེད།

ཞིང་པ་གླ་པ་ཡི་གླ་ཆ་འགྱངས་ཆད་ཀྱི་ཞུ་གཏུག་ཐེར་འདོན་གནད་དོན་མགྱོགས་མྱུར་སྒོས་ཞིབ་བཤེར་དང་། ཐོ་འགོད། ལེགས་སྒྲིག འདྲི་ཞིབ། ཐག་གཅོད་བཅས “མགྱོགས་པོ་ལྔའི”ལམ་ལུགས་ལག་བསྟར་བྱས་ནས། ཞིང་པ་གླ་པ་ཡི་དོ་ཁུར་དང་རེ་ཞུ་ལ་དུས་ཐོག་ཏུ་ལན་འདེབས་པ་དང་། མིག་སྔར་ཞུ་གཏུག་བྱས་པའི་གྱོད་གཞི21ཐག་གཅོད་བྱས་ནས་ཞིང་པ་གླ་པ76ཡི་གླ་ཆ་སྒོར་ཁྲི234.8ཕྱིར་བླངས་པ་དང་། ཁྲིམས་ལྟར་ངལ་རྩོལ་རྩོད་གཞིའི་གྱོད་དོན་བདག་སྤྲོད་བྱས་ཏེ། མིག་སྔར་འདུམ་གཅོད་བྱས་པའི་ངལ་རྩོལ་ཐོབ་ཆའི་གྱོད་དོན2དང་། ལས་རྨས་སྐྱིན་ཚབ་འཇལ་བའི་གྱོད་དོན1དང་། འདུམ་འགྲིག་བྱས་ནས་གྱོད་དོན་ཐག་བཅད་པ3བཅས་ཡོད་པ་དང་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་བརྒྱ་ཆ100ལ་ཟིན་ཡོད། ཞིང་པ་གླ་པ་ཡི་དཔལ་འབྱོར་གྱོང་གུན་སྒོར་ཁྲི175.6གསབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལུས་རྩལ་རྒྱན་ཤོག་གིས་ཡུལ་སྡེ་དར་རྒྱས་གཏོང་བར་རོགས་ བྱས་ནས་སྤྱི་ཕན་ནུས་པ་འདོན་སྤེལ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།