2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།

ནོར་བུས་བསྒྱུར།        2021-11-04

  མིག་སྔར། ཁྲོན་བོད་ལམ་རྒྱུད་དུ་རི་བོ་ཐད་སོར་འབིགས་པའི་གཡུ་འབྲུག་སྔོན་མོ་ལྟ་བུའི་གཞུང་ལམ་ཆེན་པོ་གཉིས་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་དང་། དེ་ལས་རྒྱུ་ལའི་ཕུག་ལམ་དང་ཕག་མོ་རིའི་ཕུག་ལམ་གཉིས་སྔོན་དཔག་བྱས་ན2023ལོར་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ཨར་སྐྲུན་བྱ་ཡུལ་གྱི་ས་ཁམས་རྙོག་འཛིང་ཆེ་བ་དང་། གནམ་གཤིས་དང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་བཅས་ཡིན་ཡང་། ཨར་སྐྲུན་བྱེད་མཁན་གྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་མྱུར་བགྲོད་གཞུང་ལམ་ལས་སྔ་ཙམ་ནས་རླངས་འཁོར་ཤར་གཏོང་ཐུབ་པར་ངལ་རྩོལ་ཧུར་ཐག་དང་ལས་འགན་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད།

2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།

   རྒྱལ་ལམ318རྒྱུད་ཀྱི་དར་མདོའི་རྒྱུ་ལའི་ཕུག་ལམ་གྱི་གཞུང་ལམ་ལས་གྲྭ་ནི་རྒྱལ་ལམ318ལམ་ཐིག་གི་བསྐྱར་སྐྲུན་ལས་གྲྭ་ཞིག་ཡིན་པ་དང་། ལས་གྲྭ་མཇུག་འགྲིལ་རྗེས་རྒྱལ་ལམ318ལམ་ཐིག་ལས་སྤྱི་ལེ20ཙམ་གྱི་གངས་ལམ་དུ་འགྲོ་མི་དགོས་པར། དེ་སྔར་རླངས་འཁོར་བཏང་སྟེ་ཆུ་ཚོད་གཅིག་ལྷག་ལ་བསྐྱོད་དགོས་པའི་དུས་ཡུན་དེ་སྐར་མ8ཙམ་གྱིས་སླེབས་ཐུབ་པར་བྱ་རྒྱུ་རེད།

2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།

   གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་ནས་བོད་དུ་སྣུར་སྲིང་བྱས་པ་དང་། མཐར་ཞིན་ཅང་དུ་འབྱོར་བའི་རྒྱལ་ཁབ་ཀྱི་གཞུང་ལམ་གྱི་འཕར་རྩ་ཆེན་པོ་ཞིག་ཡིན་ཞིང་། དར་མདོའི་མཚམས་བརྒལ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ17.8ལས་མེད་ཀྱང་། ས་ཁམས་རྙོག་འཛིང་ཆེ་བའི་ཐིག་དབྱིབས་དང་། ཚད་བརྒལ་གྱི་མཐོ་ཚད་སོགས་ཀྱི་རྐྱེན་པས་སྤྱི་ལེ་རེར་ཆ་སྙོམས་འགྲོ་གྲོན་སྒོར་དུང་ཕྱུར2ལ་ཟིན་གྱི་ཡོད་པ་རེད། ཕག་མོ་རིའི་ཕུག་ལམ་དང་པོའི་འཛུལ་སྒོ་ནས་འབུད་སྒོའི་བར་གཟར་ཚད་སྨི220ཡོད་པ་དང་། དེ་ནི་སི་ཁྲོན་གཤོངས་ས་དང་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་འབྲེལ་མཚམས་སུ་གནས་པས་དཔེ་མཚོན་ཅན་གྱི་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ།ས་ཡོམ་རྒྱག་ཤུགས་ཆེ་བ་བཅས་ཀྱི་ས་ཁོངས་སུ་གཏོགས་པས་ལས་ཁག་གི་ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ་དང་འཕྲུལ་ཆས་ཀྱི་ལས་ཕྱོད་ཧ་ཅང་དམའ་པོ་ཡོད་པ་རེད།


2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།
2023ལོར་མྱུར་ལམ་དེ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།



  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།