དམངས་ཡོངས་སྐུལ་སློང་བྱས་ནས་ཚན་རིག་དང་མཐུན་པར་འགོག་ཟོན་བྱས་ཏེ་རིམས་འགོག་སྲུང་ཡོལ་བརྟན་པོར་བཟོ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2021-11-08

སྤྱི་ཟླ11པའི་ཚེས2ཉིན་ལ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གི་རིམས་ཚུལ་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་དར་མདོར་འཚོགས་ཤིང་། གྲོས་ཚོགས་ཐོག་རིམས་ཚུལ་འགོག་ཟོན་གྱི་ལས་འགན་ཁག་དང་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་པའི་ལས་དོན་དམ་འཛིན་ནན་པོ་བྱེད་པར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་འདེད་བྱས་པ་རེད།

ཚོགས་འདུའི་ཐོག་གཅིག་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དུས་ནམ་ཡང་བསམ་བློའི་བསྲུང་བྱ་དམ་པོར་འཛིན་དགོས། གཉིས་ནས་གཙོ་གནད་ལ་དམ་པོར་དམིགས་ཏེ་འགོག་ཟོན་དྲ་བ་ཞིབ་ཚགས་བཟོ་དགོས། གསུམ་ནས་དམངས་ཡོངས་སྐུལ་སློང་བྱས་ཏེ་རིགས་ནད་ལས་ཐར་བའི་སྲུང་ཡོལ་བརྟན་པོར་བཟོ་དགོས། བཞི་ནས་བྱེད་ཐབས་གསར་པ་སྤྱད་དེ་ཁ་གཏད་གཅོག་ནུས་ཆེ་རུ་གཏང་དགོས། ལྔ་ནས་དྲིལ་བསྒྲགས་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་རྒྱུའི་སྐུལ་སློང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོ་དེ་དག་རྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་དགོས། རྫོང(གྲོང་ཁྱེར)ཁག་དང་ལས་ཁུངས་ཁག་གི་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་དང་པོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། རྫོང་(གྲོང་ཁྱེར)ཁག་གི་སྨན་བཅོས་ལས་ཁུངས་ཀྱིས་རང་བཤེར་རང་བཅོས་ཀྱི་ལས་འགན་དོན་འཁྱོལ་གསལ་པོ་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཕྱི་ནང་ངན་འབྲེལ་བྱས་ནས་སྨན་བཅོས་འགན་ལེན་མགོ་སྐོར་གཡོ་ལེན་བྱེད་པའི་གནད་དོན་ཞིབ་བཤེར་ནན་པོར་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་རྒྱུ་རྒྱུན་མཐུད་ངང་ཡག་མོ་འཛིན་པ། ཕན་ཡུན་རིང་བའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུའི་ཐོག་རྫོང(གྲོང་ཁྱེར)ཁག་གིས་ཏོག་གསར་གློ་ཚད་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་ས་གནས་ཁག་གི་རིམས་ནད་འགོག་ཟོན་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུས་པ་དང་། རང་ཁུལ་གྱིས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྨན་བཅོས་ཚོ་ཆུང་གིས་སྨན་བཅོས་སྲོག་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ལ་ཆེད་ལས་ཟུར་ཁྲིད་བྱས་པ་དང་། ཁུལ་གྱིས་ཏོག་གསར་གློ་ཚད་འགོག་ཟོན་ཚོ་ཆུང་ལ་མིག་སྔའི་རིམས་ནད་བྱུང་ཚུལ་བརྡ་ཁྱབ་བཏང་བ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྟོན་ལྗོངས།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།