ཧྥེང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས56པ་འཚོགས།

བདེ་ཆེན་དང་སྐལ་ཐུབ་བཅས་ཀྱིས་བསྒྱུར།        2021-11-08

སྤྱི་ཟླ11པའི་ཚེས4ཉིན་ལ། ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་ཚོགས་འདུ་ཐེངས56པ་འཚོགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། མིག་སྔའི་རིམས་ཚུལ་འགོག་ཟོན་གྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་པ་དང་། མིག་སྔར་དང་ད་དགུན་སང་དཔྱིད་ཀྱི་རིམས་ནད་འགོག་ཟོན་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་རིམས་ཚུལ་འགོག་ཟོན་གྱི་བཀོད་སྒྲིག་བླང་བྱར་དམིགས་ཏེ། བྱ་སྤྱོད་མྱུར་མགྱོགས་སྤེལ་ནས་རིམས་ཚུལ་འགོག་ཟོན་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། བདེ་ཐང་རྩ་གཉིས་ཨང་རྟགས་བཤེར་བ་དང་ཁ་ཤུབས་རྒྱག་པ། མཐར་འབྲས་ཐོན་པ་བཅས་བྱས་ཏེ། རིམས་ཚུལ་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་བརྒྱག་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥེང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། གོང་རིམ་གྱི་འབྲེལ་ཡོད་སྙིང་དོན་ཤེས་རྟོགས་ཟབ་མོ་བྱེད་ཅིང་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས14པ་དང་། ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བརྙན་ལམ་བཀོད་གཏོང་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ཚུལ་འགོག་ཟོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལྟར། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་ལྷག་པར་སྤར་བ་དང་བསམ་བློའི་ཐོག་མཐོང་ཆེན་དང་བྱ་སྤྱོད་ཐད་མྱུར་འགུལ། ལས་དོན་ཐད་ཞིབ་ཕྲ། བྱེད་ཐབས་ཐད་དོན་ལ་གནས་པ་བཅས་བྱས་ཏེ། རིམས་ཚུལ་འགོག་ཟོན་གྱི་ལས་དོན་ཕྲ་ཞིང་ཞིབ་པ་བསྒྲུབ་དགོས། ཕྱི་འདོམས་བསླབ་ལེན་དང་ཟུར་བསྟན་ལེབ་མཐོང་། ཆད་ལུས་ཁ་གསབ་བཅས་བྱ་དགོས། རིམ་ཁག་དང་སྡེ་ཁག་གིས་ཉེ་དུས་ཞིང་ཆེན་ཕྱི་ནང་གི་རིམས་ཚུལ་འགོག་ཟོན་གྱི་གོ་བསྐོན་བསླབ་བྱ་དངོས་སུ་ལོན་པར་བྱས་ཏེ། གནད་དོན་ཞིབ་བརྟག་དང་ཟུར་བསྟན་ལེབ་མཐོང་བྱ་དགོས་པ་ལས་ར་འགྱེལ་བར་ལུག་གིས་ལྟད་མོ་ལྟ་མི་རུང་། དུས་བབ་དེ་བས་ཛ་དྲག་པོ་ཡིན་པ་སྔོན་དཔག་བྱེད་པ་དང་གནས་ཚུལ་དེ་བས་རྙོག་དྲ་ཆེན་པོ་ཡིན་པ་མནོ་བསམ་གཏོང་ཞིང་། ལས་དོན་གྱི་གྲ་སྒྲིག་དེ་བས་ཚགས་ཚུད་པོ་བྱེད་པ་དང་། གནད་དོན་མི་འདང་ས་ཧུར་ཐག་གིས་འཚོལ་བ་དང་དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གདིང་ཟབ་བྱེད་པ། རྒྱུན་བསྐྱངས་ནས་ཞན་ཆ་གསབ་པ་བཅས་ཀྱི་སྒོ་ནས་རིམས་ཚུལ་ཕྱི་ནས་འགོ་བའི་ཉེན་ཁ་ཆེས་ཆུང་དུ་གཏང་དགོས། སེམས་ཤུགས་མཉམ་བཏོན་དང་ལས་སྒྲུབ་བྱེད་སྟངས་ནན་པོ་དང་ཞིབ་ཕྲ། འགོག་ཟོན་གནད་ལ་སྨིན་བ་བཅས་བྱ་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་ཕྱི་ནས་འགོ་བ་སྔོན་འགོག་བྱེད་པའི་ལས་འགན་གཙོ་བོ་འདི་ལ་དམིགས་ནས། རང་ཁུལ་དུ་ཡོང་བའི་ས་ཚུགས་དང་པོ་དང་མཐའ་མཇུག་གི་གནད་ཆེ་སའི་གནད་འགག་འདི་གཉིས་དམ་དུ་འཛིན་པ་དང་། དུས་ཐོག་ཏུ་ཧ་གོ་བ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་ནུས་པ་གཉིས་ཆེ་རུ་མངོན་གསལ་གཏོང་ཞིང་། སྒྲིག་འཛུགས་མགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། ཁྲིམས་སྒྲིག་དྲང་ནན་བཅས་འགན་སྲུང་གསུམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཁུལ་དུ་ཞུགས་པའི་རིམས་ཚུལ་འགོག་ཟོན་གྱི་ཞབས་ཞུ་ས་ཚུགས་ཡོད་ཚད་དེ་མ་ཐག་བེད་སྤྱོད་བྱེད་མགོ་བཙུགས་ནས་བདེ་ཐང་ཚད་གཉིས་ཨང་རྟགས་བཤེར་ནས་འགྲོ་དགོས་པ་དེ་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས། གནམ་ཐང་དང་རླངས་འཁོར་འབབ་ཚུགས། དགོན་པ། ལས་ཁུངས། སློབ་གྲྭ། འཁྱག་རྫས་ཟོང་འགྲུལ། སྨན་བཅོས་ལས་ཁུངས། སྨན་རྫས་ཚོང་ཁང་སོགས་གནས་གཙོ་བོ་དང་འདུ་འཛོམས་ཆེ་བའི་བྱེད་སྒོ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་ཚོགས་གཙོ་བོར་དམིགས་ནས་གནས་ཚུལ་ཁ་གསལ་པོར་གོ་བ་དང་འགྱུར་ཚུལ་གནད་ལ་འཁེལ་པོ་ཤེས་པར་བྱས་ཏེ། འགོག་ཟོན་བྱེད་ཐབས་ཁག་ལ་ཤུགས་རྗེས་ནས་བརྒྱབ་སྟེ་མཐར་འབྲས་ཐོན་པར་བྱ་དགོས། གྲ་སྒྲིག་ཚགས་ཚུད་བྱ་དགོས་ཤིང་། རིམས་འགོག་དངོས་རྫས་དང་མི་སྣ་གྲ་སྒྲིག་ཡག་པོ་བྱེད་པ་དང་། ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། བརྡ་ལེན་དང་ལེན་དེ་མ་ཐག་བྱ་ཐུབ་པ་དང་ལས་སྒྲུབ་རུ་ཁག་དུས་ནམ་ཡང་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས། རྣམ་པ་མང་པོ་དང་ཐབས་ལམ་མང་པོ་བརྒྱུད་ནས་ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང18པ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས། མི་ཚང་མས་བདེ་ཐང་ཚད་གཉིས་ཨང་རྟགས་བཤེར་བ་དང་། ཁ་ཤུབས་བརྒྱག་རྒྱུ་རྒྱུན་འཁྱོངས་བྱ་དགོས། དགོས་ངེས་མེད་ན་ལྷན་འཛོམས་མི་བྱེད་པ་དང་དགོས་ངེས་མེད་ན་རང་ཁུལ་ནས་ཕྱིར་མི་འགྲོ་བ། དེ་དང་ཆབས་ཅིག་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་ནས་མཉམ་འགོག་མཉམ་འཛིན་དང་མཉམ་འགོག་མཉམ་ཟོན་གྱི་ལས་ཀའི་རྣམ་པ་ཆགས་པར་བྱ་དགོས། "མི་ཆོག་པ་བཞི་དང་ཐད་ཀར་གཉིས"ཀྱི་བྱེད་སྟངས་གཞིར་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྲིམས་སྒྲིག་དྲང་ནན་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་། སྤྱི་བདེ་སོགས་སྡེ་ཁག་གིས་རིམས་ཚུལ་འགོག་ཟོན་གྱི་ལས་ཀའི་ཁྲོད་དུ་བུད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེ་མ་ཐག་ཏུ་ཆད་གཅོད་ནན་པོ་བྱ་དགོས།

གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས14པ་དང་། སྤྱི་ཟླ11པའི་ཚེས3ཉིན་འཚོགས་པའི་ཞིང་ཆེན་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད། ད་སྔའི་རིམས་ཚུལ་གནས་བབ་དང་ཁྲེང་ཏུའུ་ལ་ས་གནས་རང་ཉིད་དུ་རིམས་ཚུལ་གྱི་མཚང་འདོན་བྱུང་བའི་འགོག་ཟོན་ཆད་ལུས་དང་དེ་བཞིན་དུ་ཉེ་ཆར་ཁུལ་ནང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་མཐོང་བའི་གནད་དོན་བརྡ་ཁྱབ་བཏང་བ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དར་མདོ་གྲོང་ཁྱེར་གྱིས་གཏམ་བཤད་བྱས་ཡོད།།

  • ལེ་ཚན་སྔོན་མ།:ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།