ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

ཨོ་རྒྱན་གྱིས་བསྒྱུར། པར་བླངས།        2021-09-03

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

     གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་དོན། ཉེ་བའི་ལོ་ཤས་རིང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྲུང་སྐྱོང་བྱེད་ཤུགས་བར་མ་ཆད་པར་མཐོ་རུ་བཏང་ནས་གཙོད་ལྐོག་རྔོན་བྱས་པའི་གྱོད་གཞི་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱས་པས། སྲུང་སྐྱོང་ཁུལ་དུ་གཙོད་ཀྱི་གྲངས་འབོར་ཁྲི2ཙམ་ལ་མ་ཟིན་བ་ནས་ཁྲི7ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད། ཉེ་ཆར་གཙོད་གཞི་ཁྱོན་ཆེན་པོའི་སྒོ་ནས་གནས་སྤོའི་རྣམ་པ་སླར་ཡང་མཚོ་བོད་ས་མཐོར་མངོན་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

     མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་སུ་གནས་པའི་ཨ་ཆེན་གངས་རྒྱབ་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི4.5ཡོད་པ་དང་ཆ་སྙོམས་མཚོ་འཕགས་སྨི4600ཡན་ཟིན་ནས“མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་བང་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། དུས་རབས་གོང་མའི་ལོ་རབས80པར་ཨ་ཆེན་གངས་རྒྱབ་ཏུ་གཞི་ཁྱོན་ཆེན་པོས་གཙོད་ལྐོག་རྔོན་བྱས་པས་གཙོད་ཀྱི་གྲངས་འབོར་ཁྲི20ནས་ཁྲི2ཙམ་ལས་མ་ལྷག་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

     སྤྱི་ལོ1994ལོར་གཙོད་ལ་སྲུང་སྐྱོང་བྱ་ཆེད། ཁོར་ཡུག་སྲུང་དམག་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱིས་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་དུ་མེ་མདའ་བཟུང་ནས་རྔོན་རྒྱག་མཁན་དང་འཐབ་རྩོད་བྱས་ནས་མཐར་རྩ་ཆེའི་རིན་ཆེན་ཚེ་སྲོག་རྔོན་པ་དག་གི་ལག་ཏུ་ཤོར། ཉེ་བའི་ལོ་ཤས་རིང་ཨ་ཆེན་གངས་རྒྱབ་ཀྱི་ལས་དོན་མི་སྣས་སྤྱོད་གོ་ཆོད་པའི་སྲུང་སྐྱོང་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་ནས་གཙོད་ཕྲུག་སྐྱེ་བ་དང་གནས་སྤོ་བར་སྲུང་སྐྱེལ་བྱས་དང་བྱེད་བཞིན་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

ཁམས་སྲུང་དཔའ་བོ་རྗེ་བཟང་བསོད་ནམས་སྟོབས་རྒྱལ་གྱི་རྗེས་དྲན་རྡོ་རིང་།


     གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཙང་པོའི་འབྱུང་ཡུལ་དོ་དམ་ཁྲུའུ་ཡི་ཟླ་བ་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་ཆེན་གངས་རྒྱབ་ལས་དོན་མི་སྣས་ལོ་མང་རིང་གཞི་ཁྱོན་ཆེ་བ་དང་། འདུས་ཚད་ཆེ་བ། ཁྱབ་ཚད་མཐོ་བ་བཅས་ཀྱི་ཆེད་དོན་རི་སྐོར་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་དུ་འཛུལ་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

   སྤྱི་ལོ2020ལོའི་ཟླ6ཚེས8ཉིན་ཨ་ཆེན་གངས་རྒྱབ་ཏུ་ཡུལ་དམག་བདག་སྐྱོང་ཡན་ལག་རུ་ཁག་བཙུགས་ནས“ཡུལ་དམག་དང་སྣོད་བཅུད་བདག་སྐྱོང་བའི”ལམ་ལུགས་ཁྱབ་གདལ་བཏང་སྟེ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

   ལོ་མང་རིང་ཨ་ཆེན་གངས་རྒྱབ་ཏུ་གཙོད་ལྐོག་རྔོན་བྱེད་པའི་བྱེད་སྤྱོད་ལ་ལྟ་སྐུལ་ཚོད་འཛིན་ནན་པོ་དང་རྒྱུན་མཐུད་ངང་རྡུང་རྡེག་བཏང་བས་ད་ཆ་གཙོད་སྲུང་སྐྱོང་ལས་དོན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་ཡོད།“གཙོད་ནུས་ལྡན་ངང་སྲུང་སྐྱོང་བྱེད་པའི་ད་ཡོད་གནས་ཚུལ་ནི་ཀྲུང་གོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། ས་མཐོའི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་ནུས་ལྡན་ངང་སྲུང་སྐྱོང་བྱས་པ་དེ་ནི་རྒྱལ་ཁབ་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ལ་མ་འཇོག་དང་འཛུགས་སྐྲུན་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་། གཙང་པོའི་འབྱུང་ཡུལ་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་ཕུར་ཕྲུག་གིས་བཤད་པ་རེད།

   ཉིན་ཤས་གོང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་གཙོད་སྲུང་སྐྱོང་རིམ་པ་དེ“ཚར་ཉེན་ཡོད་པའི་སྲོག་ཆགས་རིགས”ནས“ཉེན་ཁ་ཡོད་པའི་སྲོག་ཆགས་རིགས”སུ་གྱུར་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོང་སྐོར་གྱི་གནས་ཚུལ།

  • ལེ་ཚན་སྔོན་མ།:སློབ་གྲྭ་འདིའི་ཁྲིད་ཐབས་རིགས་དང་པོའི་སློབ་མ་ཚོར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10