སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ་ཟོན་གྱི་བདེ་འཇགས་མཚམས་ཐིག་སྲ་བརྟན་དུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-08

སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ་ཟོན་གྱི་བདེ་འཇགས་མཚམས་ཐིག་སྲ་བརྟན་དུ་བཏང་།

མིག་སྔར་སྟོན་དུས་སུ་སླེབས་པ་དང་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འབྱུང་སླ་བས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད།ཉེ་དུས་སྡེ་རོང་རྫོང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས“ཞིབ་བཤེར་དང་། དྲིལ་བསྒྲགས། ལྟ་སྐུལ། སྔོན་འགོག། སློབ་གསོ”བཅས་བྱེད་ཐབས་སྣ་མང་མཉམ་དུ་བཀོལ་ནས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལེགས་པོར་བསྒྲུབས་པ་རེད།

མགྱོགས་མྱུར་ངང་ཞན་ཆ་ཁ་གསབ་དང་། སྐྱོན་ཆ་འགོག་བཅོས། སྟོབས་ཤུགས་ཆེ་རུ་གཏང་རྒྱུ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་དང་། ཁྱོན་ཡོངས་ནས་མེ་ཟོན་ཞིབ་བཤེར་ས་ཚུགས་དང་། ནགས་ཚལ་གྱི་གློག་མིག་ལྟ་སྐུལ་མ་ལག། མྱུལ་ཞིབ་མི་མེད་གནམ་གྲུ་དང་མེ་གསོད་སྒྲིག་ཆས་ཀྱི་ནུས་པ་འཛུགས་སྐྱོང་སོགས་ལ་ཤུགས་བརྒྱབ་པ་དང་། ཕྱོགས་ཡོངས་ནས་གནད་ཆེ་སའི་ནགས་ཚལ་དང་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མེ་གསོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་བཏང་བ་རེད།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར19ལ་ཉེ་བ་ བཏང་ནས་གྲོང་ཡུལ་ལ་མཛེས་རྒྱན་སྤྲས།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་ནགས་རྩྭའི་མེ་ཟོན་ལས་དོན་ཏན་ཏིག་གིས་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།