རྟའུ་རྫོང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་ནགས་རྩྭའི་མེ་ཟོན་ལས་དོན་ཏན་ཏིག་གིས་བསྒྲུབས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-08

རྟའུ་རྫོང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་ནགས་རྩྭའི་མེ་ཟོན་ལས་དོན་ཏན་ཏིག་གིས་བསྒྲུབས།

ཉིན་ཤས་རིང་། རྟའུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བག་གཡེང་གི་བསམ་པ་དང་། སྟེས་དབང་གི་བསམ་པ། ངར་ཞན་གྱི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས་རྒྱུན་འཐབ་ཀྱི་བསམ་བློ་ཡིད་ལ་འཇགས་པར་བྱས་ནས། ངར་ལྕགས་ལག་པས་བཟུང་ན་ཤུལ་ཡོད་པ་དང་ཕ་བོང་རྐང་བས་མནན་ན་རྗེས་ཡོད་པ་ལྟ་བུའི་སྤྱོད་ཚུལ་ནན་པོའི་སྒོ་ནས་ཚབས་ཆེ་བའི་མིས་བཟོས་ནགས་རྩྭའི་མེ་སྐྱོན་མི་འབྱུང་བར་འགན་ལེན་བྱེད་པ་དང་ཚབས་ཆེ་བའི་མི་སྣ་ཤི་རྨས་མི་འབྱུང་བར་འགན་ལེན་བྱེད་པའི་ཕན་འབྲས་དངོས་ཡོད་པའི་སྲུང་སྐྱོང་གཉིས་ལག་བསྟར་བྱས་ནས་ནགས་རྩྭའི་མེ་གསོད་མེ་ཟོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཡོད།

རྫོང་ཡོངས་ཀྱིས་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་།ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་བདའ་འདེད་དང་། དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ནགས་རྩྭའི་མེ་ཟོན་ལས་དོན་ཏན་ཏིག་གིས་བསྒྲུབས་ཏེ་སེམས་ཐག་གཙང་བཅད་ཀྱིས་རི་བོ་བརྟན་སྲུང་དང་རྩྭ་ཐང་སྲུང་སྐྱོང་།མི་ལ་དོ་དམ་དང་མེ་ལ་ཚོད་འཛིན་བཅས་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ཚུལ་ནན་པོ་ལ་བརྟེན་ནས་མེ་ཟོན་བཀའ་རྒྱ་ལག་ལེན་ནན་བསྟར་བྱས་པ་རེད།


  • ལེ་ཚན་སྔོན་མ།:སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ་ཟོན་གྱི་བདེ་འཇགས་མཚམས་ཐིག་སྲ་བརྟན་དུ་བཏང་།
  • ལེ་ཚན་རྗེས་མ།:རོང་བྲག་བོད་གྲོང་གི་སྟོན་ལྗོངས།
  • དོ་སྣང་ཆེ་བའི་རྩོམ།