འབྲིང་རྒྱུགས་མཐོ་རྒྱུགས་ནང་གི་ཁྲིམས་སྐྱོང་ཤེས་བྱ་འོས་འཚམ་སྣོན་རྒྱུ།

    མི་དམངས་དྲ་བ།    2021-11-15

   ཉེ་ཆར་སློབ་གསོ་པུའུ་ཡིས་འཆར་འགོད་པར་འགྲེམས་བྱས་ཏེ། ①རྩ་ཁྲིམས་རིགས་ཀྱི་སློབ་གཞི་རྩོམ་འབྲི་དང་བཟོ་བཅོས་ལ་་སྐུལ་འདེད་བཏང་ནས། ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་གི་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་སློབ་གསོར་སྐུལ་འདེད་བཏང་སྟེ། དམངས་དོན་ཁྲིམས་གཞུང་གི་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་བྱ་རྒྱུ། ②ས་གནས་ཀྱི་སློབ་ཚན་དང་སློབ་གྲྭའི་སློབ་ཚན་ལོགས་སུ་ཁྲིམས་སྐྱོང་སློབ་ཚན་འཛུགས་རྒྱུར་སྐུལ་ལྕག་བྱས་ནས་ཁྲིམས་སྐྱོང་ཤེས་བྱ་ཡིས་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་གི་ནང་དོན་ནང་བཟུང་བའི་བསྡུར་ཚང་་འོས་འཚམ་སྣོན་རྒྱུར་སྐུལ་འདེད་གཏོང་རྒྱུ། ③བདེ་འཇགས་དང་། དུག་འགོག རྒྱལ་སྲུང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་བཅས་དང་དེ་བཞིན་བརྙས་བཅོས་དང་། དྲ་རྒྱའི་ཁ་བསླུས། མི་ལུས་ལ་གནོད་འཚེ་གཏོང་བ། མི་བསླུས་འཚོང་སོགས་སྔོན་འགོག་བྱེད་རྒྱུའི་ནང་དོན་དང་ཟུང་འབྲེལ་བྱས་ནས་རྒྱུན་གཏན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།

  • ལེ་ཚན་སྔོན་མ།:མིའི་ཐབས་ཀྱིས་གསོ་ཚགས་བྱས་པའི་སྤྲེའུ་རྐང་ནག་རྐུབ་དཀར།
  • ལེ་ཚན་རྗེས་མ།:ཁ་སང་སི་ཁྲོན་རང་ས་གནས་ཀྱི་ནད་པ་གསར་པ་བྱུང་མི་འདུག།
  • དོ་སྣང་ཆེ་བའི་རྩོམ།