དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

མགར་རྒྱལ་སྲས།        2021-11-09

  སྤྱི་ཟླ༡༠པའི་ཟླ་དཀྱིལ་ནས་སྤྱི་ཟླ༡༡པའི་ཚེས་མགོ་བར་གྱི་ཉིན་བཅོ་ལྔ་ལྷག་གི་རིང་ལ། ༢༠༢༡ལོའི་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ལྟེ་གནས་ཀྱིས་གསར་རྩོམ་བགྱིས་པའི་བརྩམས་ཆོས་བཅུ་ཕྲག་གསུམ་ཙམ་སྟེ། བོད་ལུགས་རི་མོ་དང་སྣུམ་ཚོན། ཆུ་ཚོན། ཡིག་གཟུགས། མུ་ཏིག་ཚེམ་དྲུབ་ཀྱི་རིགས་བཅས་གསར་རྩོམ་གྱི་ཐབས་རྩལ་མི་འདྲ་བ་དུ་མ་ལས་གྲུབ་ཅིང་། རི་བོ་ཧི་མ་ལའི་རིག་གཞུང་གི་བཅུད་རྩི་ལྡན་པའི་བརྩམས་ཆོས་གྱ་ནོམ་པ་ཁྲིན་ཏུའུ་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཡེན་ཐཱེin99ལྟེ་གནས་སུ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཡོད་པ་རེད། བྱེད་སྒོར་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་དང་། བོད་རིག་པའི་འབུམ་རམས་པ་དགེ་ལེགས་སོགས་མགོ་ཁྲིད་དང་ཆེད་མཁས་པ། སྒྱུ་རྩལ་པ་སོགས་མི་གང་མང་གིས་མཛད་སྒོའི་དབུ་འབྱེད་དང་གསུང་གླེང་གནང་ཞིང་གཞས་པ་གཞས་མ་འགའི་གཞས་དབྱངས་ཀྱིས་མཐའ་བརྒྱན་པ་རེད།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་ལགས་ཀྱིས་མཛད་སྒོར་རྟེན་འབྲེལ་གྱི་ཤིས་ཚིག་གནང་བཞིན་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

ཡིག་གཟུགས་བརྩམས་ཆོས། ༼གྲུབ།༽


     དེ་ཡང་ཤར་ནུབ་སྣ་མང་རིག་གཞུང་ལ་མཁྱེན་སྤྱན་ཡངས་པའི་སྤྲུལ་སྐུ་རྒྱ་མཚོ་ལགས་དང་། མི་རིགས་རིག་གནས་ལ་བྱས་རྗེས་ཆེ་བའི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ནོར་བུ་རྒྱལ་མཚན། བོད་རིག་པའི་མཁས་དབང་འབུམ་རམས་པ་དགེ་ལེགས་བཅས་ཀྱིས་མཛད་སྒོ་དབུ་འབྱེད་གནང་།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

སྒྱུ་རྩལ་གསར་རྩོམ་གྱི་སྤྱི་ཁྱབ་སློབ་སྟོན་པ་སྤྲུལ་སྐུ་རྒྱ་མཚོ་ལགས་ཀྱིས་བརྩམས་ཆོས་མཚམས་སྦྱོར་གནང་བཞིན་པ།


     ཐོག་མར་སྤྲུལ་སྐུ་རྒྱ་མཚོ་ལགས་ཀྱིས་བརྩམས་ཆོས་གལ་ཆེན་དག་མཚམས་སྦྱོར་གནང་བ་དང་ཁོང་གིས་སྣེ་ཁྲིད་དང་རིག་གནས་སློབ་སྟོན་སོགས་ཀྱིས་སྒྱུ་རྩལ་བརྩམས་ཆོས་གང་མང་ལེགས་འགྲུབ་བྱུང་བའི་བརྒྱུད་རིམ་དང་། དེང་དུས་མི་རིགས་གཞན་གྱིས་ཧི་མ་ལའི་རིག་གནས་དང་སྒྱུ་རྩལ་ལ་འགྲེལ་བཤད་རང་བཞིན་གྱིས་གསར་རྩོམ་འདྲ་དང་མི་འདྲ་བྱེད་ཀྱིན་འདུག་མོད། ང་ཚོའི་རིག་གནས་སྒྱུ་རྩལ་དེ་ཉིད་ང་ཚོ་རང་གི་མིས་གསར་རྩོམ་གྱི་ལམ་ནས་སྟོན་ཐུབ་དགོས་པ་སོགས་ནས་གསུངས་བཤད་གནང་ཞིང་། དེ་ནས་རིམ་པ་བཞིན་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་གྱི་རྨང་གཞིའི་སྟེང་ནས་དུས་རབས་ཀྱི་དགོས་མཁོ་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་གསར་རྩོམ་གྱི་དགེ་མཚན་སོགས་ནས་གསུང་བཤད་གནང་། དེའི་རྗེས་བོད་རིག་པའི་མཁས་དབང་འབུམ་རམས་པ་དགེ་ལེགས་ལགས་ཀྱིས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ནི་གཏིང་ཟབ་ཅིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཁྱད་ཆོས་བླ་ལྷག་ལྡན་མོད། ད་དུང་རིག་གནས་ཀྱི་རང་རྐང་མ་ཡལ་བའི་དེང་རབས་སྒྱུ་རྩལ་ལམ་དེང་དུས་སྒྱུ་རྩལ་གསར་རྩོམ་གྱི་དགེ་སྐྱོན་དང་། ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་མྱོང་རོལ་གྱི་དགོངས་ཚོར་སོགས་ནས་གསུང་བཤད་གནང་། དེ་བཞིན་སྐུ་མགྲོན་གལ་ཆེན་གང་མང་གིས་འགྲེམས་སྟོན་མཛད་སྒོར་རྟེན་འབྲེལ་ཞུ་བ་དང་སྒྱུ་རྩལ་མྱོང་རོལ་གྱི་སེམས་ཚོར་སོགས་ནས་གླེང་ཞིང་། མཐར་སྒྱུ་རྩལ་པ་འཇུ་རབ་གསལ་ལགས་ཀྱིས་ཁོང་དང་རི་མོའི་སྒྱུ་རྩལ་པ་པདྨ་རིག་འཛིན་གཉིས་ཀྱིས་དུས་ཡུན་རིང་པོར་སྣ་མང་ལག་རྩལ་ལ་ཚོད་ལྟ་དང་སྒྱུ་རྩལ་གསར་རྩོམ་གྱི་མྱོང་ཚོར། མ་འོངས་གསར་རྩོམ་གྱི་རེ་བ་སོགས་ནས་གཏམ་བཤད་གནང་།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

རྒྱལ་སྤྱི་རིམ་པའི་སྒྱུ་རྩལ་དཔྱད་བརྗོད་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་ཀྲང་ཞའོ་མིང(张晓明)ལགས་ཀྱིས་གསུང་བཤད་གནང་བཞིན་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

བོད་རིག་པའི་འབུམ་རམས་པ་དགེ་ལེགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

རི་མོའི་སྒྱུ་རྩལ་པ་འཇུ་རབ་གསལ་ལགས་ཀྱིས་གཏམ་བཤད་གནང་བ་བཞིན་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

ལྟད་མོ་བས་བརྩམས་ཆོས་ལ་མྱོང་རོལ་བྱེད་བཞིན་པ།


     མཛད་སྒོའི་ཡུལ་དངོས་སུ་བོད་རིག་པའི་མཁས་དབང་དང་སྒྱུ་རྩལ་པ།  ཧི་མ་ལའི་རིག་གཞུང་ཉམས་ཞིབ་པ།  རྩོམ་པ་པོ། གཞས་པ་གཞས་མ། གློག་བརྙན་འཁྲབ་སྟོན་པ་དང་སྒྱུ་རྩལ་ལ་དགའ་དད་ཅན་གྱི་ལྟད་མོ་བ་མང་པོ་ཕེབས་ནས་བརྩམས་ཆོས་ལ་མྱོང་རོལ་དང་དཔྱད་བརྗོད།  གདེང་འཇོག་དང་དགའ་བསུ་ཞུས་འདུག།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

བཤམ་སྟོན་ཡུལ་དངོས་ཀྱི་ཟུར་ཞིག།


     ཐེངས་འདིའི་འགྲེམས་སྟོན་ལ་སྤྲུལ་སྐུ་རྒྱ་མཚོ་ལགས་ཀྱི་ཡིག་གཟུགས་བརྩམས་ཆོས་དང་ཁོང་གི་འཆར་འགོད་གནང་བའི་སྒྱུ་རྩལ་བརྩམས་ཆོས། རི་མོ་པ་འཇུ་རབ་གསལ་དང་པདྨ་རིག་འཛིན། གུ་རུ་སྒྲོལ་མ་བཅས་ཀྱི་རི་མོའི་བརྩམས་ཆོས་མང་པོ་བཤམ་སྟོན་བྱས་ཡོད་པ་རེད།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

བགྲོ་གླེང་གི་རྣམ་པ།


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

ཚེམ་དྲུབ་བརྩམས་ཆོས། ༼རྟོག་པའི་ཁ་དོག༽



དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

རི་མོའི་བརྩམས་ཆོས། ༼ ཞལ་མཇལ།༽


དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་འགྲེམས་སྟོན།

     རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམས་སྟོན་ནི་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ལྟེ་གནས་ཀྱི་འགྲེམས་སྟོན་ཐོག་མའི་གྲས་ཡིན་ན། རིམ་གྱིས་གྲོང་ཁྱེར་དང་ས་གནས་མི་འདྲ་མང་པོ་ནས་འགྲེམས་སྟོན་གྱི་འཆར་གཞི་ཡོད་ཚུལ་གསར་འགོད་པར་བཤད།


རྩོམ་སྒྲིག་པ། ཨོ་རྒྱན།

  • ལེ་ཚན་སྔོན་མ།:རིམས་འགོག་དང་འབྲེལ་བའི་སྒྲིག་ཁྲིམས་གཏན་འབེབས་སྐོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།