མ་གཅིག་ཀུན་དཔལ། 2021-11-08
སྟོད་གངས་རིའི་དབུ་རྩེ་དགུང་ལ་ཟུག །
མཐོ་ཉི་ཟླའི་རྣ་རྒྱན་དཔྱང་འདྲ་མཛེས། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
བོད་སྲིད་པ་ཆགས་པའི་བླ་རི་ཡིན། །
རྫ་སྨུག་པོ་མཆོང་གི་ཁ་དོག་ཅན། །
དགུང་ལྷོ་སྤྲིན་དཀར་པོའི་དབུ་ཞྭ་གསོལ། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
བོད་མགོ་ནག་དར་གི་ལྷ་གཉན་ཡིན། །
རི་དཀར་གསལ་ཤེལ་གྱི་ལྷུན་པོའི་ཟླ། །
རྗེ་རྒྱལ་པོ་ཁྲི་ལ་བཞུགས་འདྲ་ཡོད། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
གླིང་ཕུ་ནུའི་སྲོག་གི་ཀ་ཆེན་ཡིན། །
ལྷོ་འཛམ་གླིང་འཛིན་མའི་ལྟེ་བ་ན། །
རི་རྔམ་ཆེན་བྱུ་རུའི་ཁང་བཟང་འདྲ། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
མ་སྲིང་མོའི་ཁྱིམ་གྱི་གཡང་མཛོད་ཡིན། །
ས་གསེར་ལྡན་གསེར་གྱི་པང་ལྟེབ་ན། །
རི་ཟུར་གསུམ་སྲིན་པོ་ཁྲོས་འདྲ་ཡོད། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
བུ་དཔའ་བོའི་ཚེ་ཡི་སྲས་མཁར་ཡིན། །
ཕྱི་མི་འགྱུར་བྲག་རིའི་བ་གམ་བརྩིགས། །
ནང་མི་འགྱུར་རིན་ཆེན་གཏེར་གྱིས་གསོས། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
ས་སྡེ་དགེའི་ཕུན་ཚོགས་ཕོ་བྲང་ཡིན། །
འདིའི་རྩ་བ་འོག་ཤོད་ཀླུ་ན་ཡོད། །
འདིའི་རྩེ་མོ་གོང་མ་ལྷ་རུ་ཡོད། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
རི་མི་འགྱུར་ལྷ་ཀླུའི་རྟེན་མཁར་ཡིན། །
ཕྱི་བྲག་དཀར་རྡོ་རྗེའི་ཐེམ་སྐས་འདྲ། །
དཔའ་དགྲ་ལྷས་མཐུ་དཔུང་འདི་ནས་ངོམས། །
རི་གན་ཚོ་ཁྲོ་ལའི་རི་རྒྱུད་རེད། །
བོད་རོང་འབྲོག་གཉིས་ཀྱི་གནས་རི་ཡིན། །
བུ་ཇོ་རིའི་ཕ་རི་ཁྲོ་ལ་ཡིན། །
དཔའ་རྒྱ་ཚའི་བླ་རི་ཁྲོ་ལ་ཡིན། །
བོད་མགོ་ནག་སྲུང་མི་ཁྲོ་ལ་ཡིན། །
གནས་ཁ་བའི་རྒྱན་གཅིག་ཁྲོ་ལ་ཡིན། །
རྩོམ་གསར། 10
 ཚིག་ལ་སྦྱར་བའི་སྣང་སེམས།
 ཚིག་ལ་སྦྱར་བའི་སྣང་སེམས། ཁྲོ་ལ།
 ཁྲོ་ལ། རོང་བྲག་བོད་གྲོང་གི་སྟོན་ལྗོངས།
 རོང་བྲག་བོད་གྲོང་གི་སྟོན་ལྗོངས། རྟའུ་རྫོང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་ནགས་ར
 རྟའུ་རྫོང་གིས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ནས་ནགས་ར སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ
 སྡེ་རོང་རྫོང་གིས་ཐབས་མང་མཉམ་དུ་བཀོལ་ནས་ནགས་སྲུང་མེ ལི་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར19ལ་ཉེ་བ་ བཏང་ནས་
 ལི་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར19ལ་ཉེ་བ་ བཏང་ནས་ པར་རིས་གསར་འགྱུར།
 པར་རིས་གསར་འགྱུར། དམངས་ཡོངས་སྐུལ་སློང་བྱས་ནས་ཚན་རིག་དང་མཐུན་པར་འགོག་
 དམངས་ཡོངས་སྐུལ་སློང་བྱས་ནས་ཚན་རིག་དང་མཐུན་པར་འགོག་ ཧྥེང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པ
 ཧྥེང་ཧྥ་ཀུའེ་ཡིས་ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པ དཀར་མཛེས་ཁུལ་གྱི་སྟོན་ལྗོངས།
 དཀར་མཛེས་ཁུལ་གྱི་སྟོན་ལྗོངས།