ཀྲུང་ནན་ཧྲན་གྱིས་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་དགོས་པའི་སྐུལ་མ་བཏང་།

    མི་དམངས་དྲ་བ།    2021-11-11

ཟླ་11ཚེས་10ཉིན། “ཏོག་གསར་ནད་དུག་འགོག་པའི་སྨན་ཁབ་གསུམ་པ་སྟེ‘ཤུགས་སྣོན་སྨན་ཁབ’རྒྱག་པ་ནི་འགོས་ནད་སྔོན་འགོག་དང་ནད་གཞི་ཚབས་ཆེར་འགྲོ་རྒྱུ་སྔོན་འགོག་བྱེད་པའི་ཐད་དགོས་གལ་ཆེན་པོ་ཡོད”ཅེས་ཉེ་ཆར་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་རྒྱལ་ཁབ་དབུགས་ལམ་མ་ལག་གི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུང་ནན་ཧྲན་གྱིས་ཚོགས་པ་སྣེ་ཁྲིད་དེ་ཧྲེན་ཀྲེན་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་དོན་སྤེལ་རེས་དང་མཛུབ་ཁྲིད་བྱེད་པར་ཕེབས་སྐབས་དེ་ལྟར་ནན་བཤད་གནང་།
   ཀྲུང་ནན་ཧྲན་གྱིས་ད་ཆ་འཛམ་གླིང་ཡོངས་ནས་བལྟས་ན། རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོང་ནུས་པ་ནི་ལོ་ཕྱེད་ཙམ་ཡིན་པ་རེད། ལོ་ཕྱེད་སོང་རྗེས། དེ་ལ་ཡོད་པའི་འགོག་གཟུགས་དང་རིམས་ཐར་གདོད་གཤིས་རང་བཞིན་ཇེ་དམའ་རུ་འགྲོ་སྲིད་པས། སྨན་ཁབ་གསུམ་པ་རྒྱག་རྒྱུ་ནི་ང་ཚོས་ཏོག་གསར་ནད་དུག་སྔོན་འགོག་བྱེད་པ་ལ་དགོས་ངེས་ཆེན་པོ་ཡོད་པས། ད་ལྟ་འདི་ལྟར་བྱེད་དགོས་པར་སྐུལ་མ་གཏོང་གི་ཡོད་ཅེས་བཤད། 
   ཀྲུང་ནན་ཧྲན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟར་ལོ་3ནས་11བར་གྱི་མི་ཚོགས་ཀྱི་སྨན་ཁབ་རྒྱག་ཚད་ཧ་ཅང་མཐོ་པོ་ཡོད། ད་ཆ་འགག་རྩ་ནི་རྒན་རྒོན་ཚོར་ཐུག་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན། རྒན་རྒོན་གྱི་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་བརྒྱབ་ཚད་ནི་དར་མ་དང་བྱིས་པ་ལས་དམའ་བ་རེད། རེད་དེ་ཁོང་ཚོ་ནི་ནད་ཕོག་སྲིད་མཁན་གཙོ་བོའི་གྲས་རེད་བརྗོད། 
   “ང་རང་ལ་སྨན་ཁབ་བརྒྱབ་ཡོད”ཅེས་ཀྲུང་ནན་ཧྲན་གྱིས་ནན་བཤད། ཁོང་གིས། ད་ལོའི་ལོ་མཇུག་གོང་རྒན་རྒོན་ལ་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས། ད་ལོའི་ལོ་མཇུག་ལ་སླེབས་ཚེ་ཉུང་མཐར་ཡང་80%ཡན་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་ཆ་ཚང་བརྒྱབ་ཟིན་པར་བརྩོན་ལེན་བྱེད་དགོས།
   ད་ཐེངས་ཀྱི་རིམས་ནད་གནས་ཚུལ་ལ་དམིགས་ནས། ཀྲུང་ནན་ཧྲན་གྱིས་ཕན་མེད་རྒྱུ་རྐྱེན་གཉིས་ཡོད་པ་གཅིག་ནི་ད་རེས་ནུབ་བྱང་ས་ཁུལ་དུ་ནད་ཁྱབ་གྲངས་ཅུང་མང་བ་ཡོད་པས། རྗེས་འདེད་ཀྱི་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། ཕན་མེད་རྒྱུ་རྐྱེན་གཉིས་པ་ནི་དགུན་དུས་སུ། བྱང་ཕྱོགས་མི་རྣམས་མཉམ་དུ་འཛོམས་རྒྱུ་མང་བ་རེད་ཅེས་ངོས་འཛིན་གནང་བ་རེད།

  • ལེ་ཚན་སྔོན་མ།:བསྟུད་མར་ཉིན་ལྔ་ལ་ཟི་ལིང་གྲོང་ཁྱེར་དུ་རང་ས་གནས་ཀྱི་ནད་རྟགས་ངོས་བཟུང་བའི་ནད་པ་ཇེ་མང་དུ་སོང་མེད།
  • ལེ་ཚན་རྗེས་མ།:ནང་འདྲེན་དངོས་མང་སྟོན་ཚོགས་ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།