གསེར་རྟ་རྫོང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཞིག་མཐོང་།

        2021-11-16

  ཉེ་ཆར། གསེར་རྟ་རྫོང་རགས་བཀྲམ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཚུལ་ཁྲིམས་དགའ་བ་གྲོང་སྡེ་བསྐྱོད་ནས་ཁུལ་ཕྱི་ནས་ཕ་ཡུལ་དུ་ལོག་མཁན་ལ་ཚགས་བཤེར་ལས་དོན་སྒྲུབ་སར་འགྲོ་བའི་ལམ་བར་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་དང་པོ་སྟེ་ཤྭ་བ་ཁ་དཀར་མ་གསུམ་གྱིས་ཉི་མ་ལྡེ་བ་དང་རྩྭ་ཆུར་རོལ་བཞིན་སྤྲོ་སྣང་གིས་ཡོངས་སུ་ཁེངས་ཡོད་པ་མཐོང་བ་རེད།

གསེར་རྟ་རྫོང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཞིག་མཐོང་།

  ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་།རི་དྭགས་བསད་པ་དང་ནགས་ཤིང་གཅོད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་པར་བརྟེན། ས་ཆ་དེ་གར་སྲོག་ཆགས་འབོར་ཆེན་ཡོང་བ་དང་། མངའ་ཁུལ་དུ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་རིགས་ཉིན་བཞིན་སྣ་མང་ཅན་དུ་གྱུར་པ་རེད། 

གསེར་རྟ་རྫོང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཞིག་མཐོང་།

  ཤྭ་བ་ཁ་དཀར་མ་ནི་ཀྲུང་གོའི་སྲོག་ཆགས་རྩ་ཆེན་གྱི་ཡ་གྱལ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་རུ་བཀོད་ཡོད། ཤྭ་བ་ཁ་དཀར་མ་ནི་མཐོ་གྲང་སྲོག་ཆགས་ཤིག་ཡིན་ཞིང་། མཚོ་འཕགས་སྨི3000ནས5000བར་གྱི་ས་ཁོངས་སུ་འཚོ་གནས་བྱེད་བཞིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།: བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་སྡེ་དགེ་སོགས་རྫོང་བཞི་ལ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།