ཏོག་གསར་འགོག་སྨན་ཡ་མཚན་ཞིག་ཐོན་འདུག།

ཨ་ཐུབ་ཀྱིས་བསྒྱུར།        2021-11-16

ཟླ11པའི་ཚེས12ཉིན་ནས་ཚེས14ཉིན་བར། འཛམ་གླིང་ཐོག་རྔུབ་ཆོག་པའི་ཏོག་གསར་འགོག་སྨན་ཐོག་མ་དེ2021ལོའི་སྐབས་ལྔ་པའི་ཧའེ་ནན་རྒྱལ་སྤྱིའི་བདེ་ཐང་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་ཤིང་། ལྟད་མོ་བས་ཡུལ་དངོས་སུ་རྔུབ་ཆོག་པའི་ཏོག་གསར་འགོག་སྨན་བེད་སྤྱོད་བྱ་ཐབས་མྱོང་རོལ་བྱས་ཆོག་ཅིང་། དྲྭ་གྲོགས་ཤིག་གིས་དེའི་བཟོ་ལྟ་འོ་ཇ་འཐུང་བ་དང་འདྲ་ཞེས་བརྗོད།

ཏོག་གསར་འགོག་སྨན་ཡ་མཚན་ཞིག་ཐོན་འདུག།

སྔོན་ཆད་ཀྱི་སྡེབ་སྦྱོར་དང་གཅིག་མཚུངས་ཡིན་ཞིང་། སྨན་སྤྲོད་སྟངས་མི་འདྲ་བ་སྤྱད་ཡོད།

     རྒྱུས་ལོན་བྱུང་བ་ལྟར་ན། རྔུབ་ཆོག་པའི་ཏོག་གསར་འགོག་སྨན་དང་ཤ་གནད་སྟེང་ཁབ་རྒྱག་པ་གཉིས་ཀྱིས་འདྲ་མཚུངས་ཀྱི་འགོག་སྨན་བེད་སྤྱད་ཡོད་ལ། དེའི་སྡེབ་སྦྱོར་ལ་འགྱུར་བ་བཏང་མེད་པ་དང་། སྨན་སྤྲོད་སྟངས་མི་འདྲ་བ་སྤྱད་པ་ཁོ་ན་ཡིན།  སྨུག་འགྱུར་རྔུབ་ཆོག་པའི་རིམས་ཐར་གྱིས་སྨུག་འགྱུར་ཡོ་ཆས་སྤྱད་དེ། འགོག་སྨན་དེ་རིལ་བུ་ཕྲ་ཆུང་དུ་སྨུག་འགྱུར་བྱས་ཤིང་། ཁ་ཡིས་རྔུབ་ནས་དབུགས་ལམ་དང་གློ་བར་འཛུལ་བ་དང་། དེ་ནས་འབྱར་སྐྱིའི་རིམས་ཐར་སྐུལ་སློང་བྱས་ཤིང་། རིམས་ཐར་འདི་རིགས་ཤ་གནད་ལ་ཁབ་རྒྱག་པ་ལས་ཡོང་མི་ཐུབ།   


    འཛམ་གླིང་ཐོག་རྔུབ་ཆོག་པའི་ཏོག་གསར་འགོག་སྨན་ཐོག་མ་ནི། དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་ཡོན་ཧྲི་ཁྲེན་ཝའེ་ཡི་ཚོགས་པ་དང་ཁང་ཞི་ནུའོ་སྐྱེ་དངོས་མ་རྐང་ཀུང་སི་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཞིབ་འཇུག་གསར་སྤེལ་བྱས་ཤིང་།མིག་སྔར་དུས་ཐེངས་གཉིས་པའི་ནད་ཐོག་ཚོད་ལྟར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། ཛ་དྲག་ངང་བེད་སྤྱོད་བྱ་རྒྱུའི་རེ་ཞུའི་ལས་དོན་སྒྲུབ་བཞིན་ཡོད།

 

ཁབ་རྒྱག་མི་དགོས་པའི་ཏོག་གསར་འགོག་སྨན་གྱི་ནུས་པ་ཆེ་བ།

དེའི་གོང་ཡོན་ཧྲི་ཁྲིན་ཝའེ་ཚོགས་པས་ཐོག་མར་ཞིབ་འཇུག་གསར་བཟོ་བྱས་པའི་སྨུག་འགྱུར་རྔུབ་ཆོག་པའི་ཏོག་གསར་འགོག་སྨན་གྱི་ནད་ཐོག་ཞིབ་འཇུག་གྲངས་གཞི༼ལུའུ་ཡེ་ཏའོ་འགོས་ནད་༽དུས་དེབ་ཐོག་བཀོད་པ་དང་། འདི་ནི་འཛམ་གླིང་ཐོག་ཡོངས་གྲགས་སུ་སྤེལ་བའི་ཏོག་གསར་འགོག་སྨན་འབྱར་སྐྱིའི་རིམས་ཐར་གྱི་ནད་ཐོག་ཚོད་ལྟའི་མཇུག་འབྲས་ཐོག་མ་ཡང་ཡིན།

     ཞིབ་འཇུག་མཇུག་འབྲས་ལས་མངོན་པར། སྨུག་འགྱུར་རྔུབ་ཆོག་པའི་འགོག་སྨན་གྱི་བདེ་འཇགས་རང་བཞིན་ཡག་པ་དང་། ཤ་གནད་ལ་ཁབ་རྒྱག་པ་ནང་བཞིན་གྱི་ལུས་པོའི་ཆ་ཤས་མི་བདེ་བའི་ཚོར་སྣང་མེད། སྨུག་འགྱུར་རྔུབ་ཆོག་པར་ཤ་གནད་ལ་ཁབ་རྒྱག་པའི་སྦྱོར་ཚད་ཀྱི1/5ལས་སྤྱོད་མི་དགོས་པ་དང་།  ཕྲ་ཕུང་རིམས་ཐར་གྱི་ཆུ་ཚད་དེ་ཤ་གནད་ལ་ཁབ་རྒྱག་པའི་སྦྱོར་ཚད1དང་འདྲ་མཚུངས་རེད། ཤ་གནད་ལ་འགོག་ཁབ་བརྒྱབ་རྗེས་སྨུག་འགྱུར་རྔུབ་པ་སྤྱད་དེ་རིམས་ནད་འགོག་ཤུགས་ཆེ་རུ་བཏང་ན། ཆུ་ཚད་མཐོ་བའི་བཏང་སྙོམས་འགོག་གཟུགས་སླེབས་ཀྱི་རེད།

མིག་སྔར་ཁྲོམ་རར་ཞུགས་འཐུས་ཀྱི་ཆོག་མཆན་བཀོད་པའི་ཤ་གནད་ལ་ཁབ་རྒྱག་པའི་འགོག་སྨན་དང་བསྡུར་ན། འགོག་སྨན་སྡེབ་སྦྱོར་སྨན་ཐོ་དང་། ཕྱི་ཐུམ་གྱི་རྣམ་པ། ཐོན་སྐྱེད་སྒྲིག་ཆས་སོགས་ཡོངས་སུ་གཅིག་མཐུན་ཡིན། དེ་དང་ཆབས་ཅིག་སྨུག་འགྱུར་རྔུབ་པ་ཡིས་འགོག་ཁབ་བརྒྱབ་ཟིན་པའི་མི་ཚོགས་ཀྱི་རིམས་ནད་འགོག་ཤུགས་ཀྱི་ནུས་པ་མང་པོ་མངོན་གསལ་དོད་པོས་མཐོ་རུ་གཏོང་ཐུབ་པ་དང་། ཏོག་གསར་ནད་དུག་ངོ་འགྱུར་འགོག་ཐུབ་པས། གཞི་ཁྱོན་ཆེ་བའི་མི་ཚོགས་ལ་བེད་སྤྱོད་གཏོང་རྒྱུར་འཚམ་པོ་ཡོད། 


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱ་མཚོ་འཕྱུར་བའི་འཇིགས་ཉེན་གྱི་ངོས་ཟིན་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།