རང་ཁུལ་གྱིས་འདབ་པའི་ས་བབ་མཐོ་བའི་གནམ་དཔྱད་ཚན་རིག་གླིང་ཁུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀ་ཧུར་ཐག་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-17

ཉེ་ཆར། གསར་འགོད་པས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཆེད་ལས་འཛིན་གྲྭ་འཛུགས་པ་དང་ལམ་སྲོལ་བཟོ་བ། ཇུས་གཞི་བཟོ་བ་དང་དམིགས་ཚད་བཟོ་བ། དོན་འཁྱོལ་དམ་འཛིན་བྱས་པ་དང་འབྲེལ་མཐུད་ཤུགས་ཆེན་བྱས་ནས་འདབ་པའི་ས་བབ་མཐོ་བའི་གནམ་དཔྱད་ཚན་རིག་གླིང་ཁུལ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་ལས་ཀ་ཧུར་ཐག་སྤེལ་བ་རེད།

ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་འཛུགས་ནས་དཀར་མཛེས་ཁུལ་འདབ་པའི་ས་བབ་མཐོ་བའི་གནམ་དཔྱད་ཚན་རིག་གི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། རང་ཁུལ་གྱིས་ཆེད་ལས་ཀྱི་ཞབས་ཞུའི་ལས་ཁུངས་འཛུགས་པ་དང་འདབ་པ་རྫོང་གིས་དཀར་མཛེས་ཁུལ་གྱི་འདབ་པའི་ས་བབ་མཐོ་བའི་གནམ་དཔྱད་ཚན་རིག་ལས་གྲྭ་འཛུགས་སྐྲུན་གྱི་མགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལས་ཀའི་སྐུལ་འདེད་ལས་ཁུངས་དང་མི་སྣ་བཀོད་སྒྲིག་གསལ་པོར་བྱས་ཡོད། མིག་སྔར། ཁུལ་གནམ་དཔྱད་ཚན་རིག་ལྟེ་གནས་ལས་ཁུངས་བཙུགས་པའི་འབྲེལ་ཡོད་གནད་དོན་དེ་ཞིང་ཆེན་ཏང་ཨུའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ཡོད། དཀར་མཛེས་ཁུལ་འདབ་པའི་ས་བབ་མཐོ་བའི་གནམ་དཔྱད་ཚན་རིག་ལས་གྲྭར་འཛུགས་སྐྲུན་གྱི་ཆེད་དོན་ལས་སྒྲུབ་མགོ་ཁྲིད་ཚོགས་ཆུང་འཛུགས་པ་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིབ་འཇུག་མོས་མཐུན་བྱས་པ་རེད།

《དཀར་མཛེས་ཁུལ་འདབ་པའི་གནམ་དཔྱད་ཚན་རིག་གླིང་ཁུལ་འཛུགས་སྐྲུན་གྱི་སྤྱིའི་ལས་ཀའི་ཇུས་གཞི》བཟོ་འགོད་བྱས་ཟིན། ཁྱོན་བསྡོམས་འབྲེལ་ཡོད་ལས་གཞི14གསེད་བཀྲོལ་བྱས་ཤིང་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར6.9ཡིན་པ་རེད།

མུ་མཐུད་ནས་ཚད་གཞི་མཐོ་བའི《སི་ཁྲོན་ཞིང་ཆེན་འདབ་པའི་ཚན་རིག་ལས་གཞི་འཛུགས་སྐྲུན་གྱི་གྲོས་མགོའི་ཡི་གེ》བཟོ་འགོད་བྱས་ནས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་ཞིང་ཆེན་ཚན་རྩལ་ཐིང་། ཀྲུང་གོ་ཚན་རིག་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་འཆར་གཞིའི་ལས་གཞི་རེ་ཞུ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་གཞིར་རྒྱབ་སྐྱོར་འཐོབ་པ་བརྩོན་ལེན་ཧུར་ཐག་བྱས་ཏེ་ཞིང་ཆེན་རིམ་པའི་ཚན་རྩལ་ཁྱབ་གདལ་རྟེན་གཞི་རེ་ཞུ་དང་འཛུགས་སྐྲུན་བྱེད་པར་རྨང་གཞི་གདིང་དགོས་པ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་སྡེ་དགེ་སོགས་རྫོང་བཞི་ལ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཐོན་ལས་འཕེལ་རྒྱས་བཏང་ནས་རི་གྲོང་ཀུན་ཏུ་འགྱུར་ལྡོག་ཆེན་པོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།