གསེར་རྟ་རྫོང་གིས་རིམས་འགོག་སྨན་ཁབ་བརྒྱབ་སྟེ་རིམས་འགོག་སྲུང་ཡོལ་ཇེ་བརྟན་དུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-11-17

གོམ་གང་མདུན་སྤོས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་ཚད་སྔར་བས་ཇེ་མཐོར་གཏོང་ཆེད། གསེར་རྟ་རྫོང་གིས་ལོ12དང་དེ་ཡན་གྱི་མང་ཚོགས་ལ་མུ་མཐུད་དེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག། སྤྱི་ཟླ11པའི་ཚེས8ཉིན་ནས་བཟུང་ལོ3ནས11བར་གྱི་མི་ཚོགས་ལ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཕྱོགས་ཡོངས་ནས་བརྒྱབ་སྟེ། ལོ་ཚད་ལོན་པ་དང་འཛེམ་བྱ་མེད་པའི་མང་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་སྲུང་ཡོལ་ཇེ་བརྟན་དུ་བཏང་།

བྱིས་པ་ཚོའི་ལོ་ན་ཆུང་བ་དང་འཚུབ་ཆ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། སློབ་གྲྭས་སྨན་ཁང་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སྨན་དོན་འགོག་སྲུང་ལ་ཤུགས་བསྣན་པ་དང་། ཆེད་དུ་གསོ་སྦྱོང་བྱས་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པ། མཉམ་འདྲེས་ནུས་པ་ཆེ་བའི་སྨན་དོན་མི་སྣ་དང་དགེ་རྒན་ཚོས་ཕྲུ་གུ་ཚོར་སེམས་ཁམས་ཁྲིད་སྟོན་བྱས་ནས་འཚབ་འཚུབ་ལངས་པའི་བསམ་ཚུལ་ཞི་ལྷོད་དུ་བཏང་བར་མ་ཟད། ད་དུང་འབྲེལ་ཡོད་ཀྱི་སྲུང་སྐྱོང་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཐོན་ཚེ་འཕྲལ་མར་རྗེས་འདེད་དང་ཐག་གཅོད་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་བར་དོགས་ཟོན་བྱས།

ད་སྔར་རྫོང་ཡོངས་ཀྱི་ལོ་ན12ཡན་གྱི་མི་ཚོགས་ཀྱིས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། རིམས་འགོག་སྲུང་ཡོལ་བརྟན་པོར་ཡོང་བ་དང་དང་ནད་དུག་ཕོག་ཚད་ཇེ་དམའ་རུ་གཏོང་ཆེད། རྫོང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས་འཕྲོད་བསྟེན་སྡེ་ཁག་དང་དེ་བཞིན་སློབ་གསོ་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས། ཚེས8ཉིན་རང་རེའི་སྨན་ཁང་དུ་ལོ3ནས11བར་གྱི་མི་ཚོགས་ལ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་པ་དང་། རྒྱ་ཆེ་བའི་སློབ་མ་དང་ཁྱིམ་བདག་གིས་དང་ལེན་ཧུར་ཐག་བྱས་པས་སྨན་ཁབ་རྒྱག་ཡུལ་དུ་གོ་སྒྲིག་ལྡན་པ་ཞིག་རེད་ཅེས་གསེར་རྟ་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཞེ་ཞའོ་མེ་ཡིས་ངོ་སྤྲོད་དེ་ལྟར་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ3ནས11བར་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གཏོང་ཆེད། ལྟ་སྐྱོང་པས“གནས་ཚུལ་ཤེས་རྟོགས་དང་མོས་མཐུན། རང་མོས”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རྫོང་མི་དམངས་སྨན་ཁང་གིས་ཞིབ་ཕྲའི་ངང་སྨན་ཁབ་རྒྱག་པའི་ཇུས་གཞི་བཟོས་པ་དང་། སྨན་ཁབ་རྒྱག་པའི་བརྒྱུད་རིམ་འཐུས་ཚང་དུ་བཏང་སྟེ་སྨན་ཁབ་མ་བརྒྱབ་གོང་གི་གྲ་སྒྲིག་དང་། སྨན་ཁབ་རྒྱག་སྐབས་ཀྱི་ལྟ་སྐྱོང་། སྨན་ཁབ་བརྒྱབ་རྗེས་ཀྱི་ལྟ་ཞིབ་སོགས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་འགན་ལེན་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།

འདིའི་རྗེས་སུ། རྫོང་ཨུ་རིམས་ནད་འགོག་ཟོན་ཚོ་ཆུང་དང་འཕྲལ་བསྟུན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་ཏུ། གསེར་རྟ་རྫོང་གིས་རྫོང་དང་བར་ཐག་ཅུང་རིང་བའི་གྲོང་རྡལ་དང་གྲོང་གསེབ། མང་ཚོགས་ཁ་ཐོར་བ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞི་ཚུགས་ནས་རྫོང་མི་དམངས་སྨན་ཁང་གི་སྨན་ཁབ་རྒྱག་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ“རིམས་འགོག་སྨན་ཁབ་རྒྱག་པའི་ཚོ་ཆུང་གསུམ་དང་སྨན་བཅོས་འགན་ལེན་ཚོ་ཆུང་གསུམ”གཅིག་སྡུད་ཐོག་བཙུགས་ནས་ས་ཚུགས་དང་ཡུལ་ཤོག གྲོང་རྡལ་ཁག་བགོས་ཏེ་སྒོ་འགྲམ་དུ་སོང་ནས་ཞབས་འདེགས་ཞུས་ཤིང་། ལོ་ཚད་ཟིན་པའི་མང་ཚོགས་ལ་གོ་རིམ་ལྡན་པ་དང་ནུས་པ་ལྡན་པའི་ངང་འགོག་ཁབ་རྒྱག་རྒྱུར་སྐུལ་འདེད་བཏང་བ་དང་། སྤྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་སྨན་ཁབ་གཉིས་པ་ཁྱོན་ཡོངས་ལ་བརྒྱབ་ཚར་བའི་དམིགས་ཚད་འགྲུབ་པར་བརྩོན་ལེན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཐོན་ལས་འཕེལ་རྒྱས་བཏང་ནས་རི་གྲོང་ཀུན་ཏུ་འགྱུར་ལྡོག་ཆེན་པོ་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།