ཨ་རིའི་དམག་གྲུ་ཐའེ་ཝན་མཚོ་འགག་ནས་བརྒྱུད་པའི་ཐད་ལན་བསློགས་པ།

        2021-04-20

    མི་དམངས་དྲ་བའི་འཕྲིན། ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་དམག་དཔོན་ཀྲང་ཁྲུན་ཧུའེ་ཡིས། ཟླ་4ཚེས་7ཉིན། ཨ་རིའི“མའེ་ཁེ་ཨེན”རྟགས་ཅན་གྱི་མེ་མདའ་མཐར་སྐྲོད་དམག་གྲུ་ཐའེ་ཝན་མཚོ་འགག་ནས་བརྒྱུད་པ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་གོ་རིམ་ཡོངས་སུ་དེ་ལ་རྗེས་སྙེག་ལྟ་སྐུལ་བྱས་ཡོད། ཨ་རིའི་དམག་གྲུའི་ཐེངས་འདི་བྱེད་སྟངས་ཀྱིས་“ཐའེ་ཝན་རང་བཙན”ལ་ནོར་འཁྲུལ་གྱི་བརྡ་བཏང་བ་དང་། བསམ་གཟས་ནས་ས་ཁུལ་གྱི་གནས་བབ་ལ་འགལ་རྐྱེན་བཟོས་ཤིང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་བྱས་པས། ང་ཚོས་དེའི་ཐད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། འཐབ་ཁུལ་དམག་དཔུང་གིས་ཉེན་ཟོན་ནན་འགོག་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་འཇིགས་སྐུལ་དང་ཟིང་སློང་ལ་ཁ་གཏད་འཇལ་རྒྱུ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་འོས་འགན་སྒྲུབ་རྒྱུ་ཡིན་ཞེས་བསྟན།


  • ལེ་ཚན་སྔོན་མ།:ཀྲུང་ཨུས་མཉམ་འབྲེལ་གྱིས་བར་སྣང་སྐོར་བསྐྱོད་འཐབ་ཇུས་སྤེལ་བ།
  • ལེ་ཚན་རྗེས་མ།:མོང་གོལ་རྒྱལ་ཁབ་ཏུ་བྱེ་རྡུལ་རླུང་འཚུབ་བྱུང་ནས་མི་10ཚེ་ལས་འདས།
  • དོ་སྣང་ཆེ་བའི་རྩོམ།