མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུག

        2020-12-22

     ཉེ་ཆར། ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡིས་ཞིབ་འཇུག་སུའོ་དེའི་གསར་སྐྱེས་དུས་རབས(新生代)ཀྱི་ཁོར་ཡུག་ཞིབ་འཇུག་ཚོགས་པའི་ཞིབ་འཇུག་པ་ཧྥང་ཞུའོ་མའེ་སོགས་ཀྱིས་ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིང)གྱི་ཡོན་ཧྲི་ཝང་ཁྲེང་ཧྲན་དང་ལན་ཀྲོའུ་སློབ་ཆེན་སོགས་ལ་མཉམ་འབྲེལ་བྱས་ནས་མདོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་ཀྱི་རོང་པོ་ལ་གཞོང་ས་ཡི་ལོ་ངོ་ཁྲི4100ནས2150ཡི་སྔོན་གྱི་གསར་སྐྱེས་དུས་རབས་ས་ངོས་ཀྱི་ལོ་རབས་ཨང་རིམ(地层年代序列)ཚད་འཇལ་ཞིབ་ཚགས་དང་གསར་འཛུགས་བྱས་པའི་གནས་ཚུལ་བསྒྲགས་པ་རེད།

མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུགམདོ་དབུས་མཐོ་སྒང་། པར་རིས་ཀྲུང་གོའི་ས་དབྱིབས་ལས་དྲངས།


     རྒྱལ་སྤྱིའི་རིག་གཞུང་སྡེ་ནས་ལོ་ངོ་ཁྲི4000ཙམ་གྱི་སྔོན་ལ་མདོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་འདི་སྨི4600ཙམ་དུ་ཡར་འཕགས་ཡོད་པར་འདོད་པ་རེད། ཡིན་ནའང་། གསལ་བསྒྲགས་འདི་ཡིས་གོང་གསལ་གྱི་ལྟ་ཚུལ་དེ་ཉིད་ལ་བཟོ་བཅོས་བྱས་ཡོད་དེ། ཁྱབ་ཁོངས་དེ་ཡི་ལོ་ངོ་ཁྲི4000སྔོན་གྱི་གནའ་བོའི་མཐོ་ཚད་ནི་སྨི2300ལས་དམའ་བ་དང་། ལོ་ངོ་ཁྲི2600ནས2100གི་སྔོན་གྱི་སྔ་གཞུག་ལ། ད་གཟོད་མཐོ་ཚད་ལ་སྨི3500ནས4500ཙམ་ཡོད་པ་རེད།


མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུགམདོ་དབུས་མཐོ་སྒང་། པར་རིས་ཏུན་ཐའོ་ཡིས་འདོན་སྤྲོད་བྱས།


      ཞིབ་འཇུག་པ་ཧྥང་ཞུའོ་མའེ་སོགས་ཀྱིས་ལོ་རབས་བརྟག་ཐབས་དང་གཞོང་སའི་གནའ་བོའི་མཐོ་ཚད་ལོ་རྒྱུས་དང་གྲུབ་ལུགས་གསར་བ་གཉིས་ཟུང་འབྲེལ་བྱས་པ་བརྒྱུད་ནས། རོང་པོ་ལ་གཞོང་ས་ལ་དུས་སྐབས་གཉིས་ཀྱི་འཕོ་འགྱུར་ལོ་རྒྱུས་ཡོད་ཚུལ་ར་སྤྲོད་ཐུབ་པ་སྟེ། སྔ་དུས་ཀྱི་ཕལ་ཆེར་ལོ་ངོ་ཁྲི4200ནས500ཡི་སྔོན་ལ་དལ་བུར་འགྱུར་བ་བྱུང་ནས་མར་བརྡིབས་པ་དང་། མཇུག་དུས་ཀྱི་ཕལ་ཆེར་ལོ་ངོ་ཁྲི2500ནས2000གི་སྔོན་ལ་མགྱོགས་མྱུར་ངང་འགྱུར་བ་བྱུང་ནས་ཡར་འཕགས་པ་རེད། ཞིབ་འཇུག་ཚོགས་པ་འདིས་ཞིབ་འཇུག་གྲུབ་འབྲས་འདི་ལ་བརྟེན་ནས་མཐོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་ཡར་འཕགས་ཚུལ་ལ་ལྟ་ཚུལ་གསར་བ་བཏོན་པ་སྟེ། ཕལ་ཆེར་ལོ་ངོ་ཁྲི2500ནས2000གི་སྔོན་ལ། རོང་པོ་ལ་གཞོང་སའི་གཞོགས་གཉིས་ཀྱི་རི་བོ་མར་བརྡིབས་ཏེ་གཞོང་སའི་འོག་རོལ་དུ་ཕྱིན་ནས་གཞོང་ས་འདི་ཡར་བཀྱགས་ཡོད་པ་རེད།


མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུགམདོ་དབུས་མཐོ་སྒང་གི་གནའ་བོའི་མཐོ་ཚད་བསྐྱར་འཛུགས་ཀྱི་ཞིབ་འཇུག་བྱ་ཡུལ་གཙོ་བོ། པར་རིས་ཏུན་ཐའོ་ཡིས་འདོན་སྤྲོད་བྱས།


     མདོ་དབུས་མཐོ་སྒང་གི་ཡར་འཕགས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་ལོ་རྒྱུས་ཞིབ་འཇུག་ལ་འབྲེལ་བའི་དཔྱད་རྩོམ་འདི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅནཚན་རིག་འཕེལ་རྒྱསསུ་སྤེལ་བ་དང་། དེ་ཡིས་མདོ་དབུས་མཐོ་སྒང་གི་གྲུབ་ཚུལ་དང་གོ་རིམ། གནམ་གཤིས་ཁོར་ཡུག་དང་སྐྱེ་དངོས་འཕོ་འགྱུར་བཅས་ཀྱི་འབྲེལ་བ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་ལོ་རབས་རིག་པའི་ཚད་བཀག་གསར་བ་བཏོད་པ་དང་། མདོ་དབུས་མཐོ་སྒང་གི་ཡར་འཕགས་སྒྲིག་སྲོལ་དཔེ་དབྱིབས་དང་ས་གཞིའི་རྣམ་པ་ཆགས་ཚུལ། སའི་གོ་ལའི་ས་ངོས་སོགས་བར་གྱི་བྱེད་ནུས་ལ་ཡང་བསྐྱར་ཞིབ་འཇུག་གཏིང་ཟབ་བྱེད་ཆོག་པར་བྱས་ཡོད།


མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུགམདོ་དབུས་མཐོ་སྒང་གི་གནའ་བོའི་མཐོ་ཚད་བསྐྱར་འཛུགས་ཀྱི་མཇུག་འབྲས་མི་འདྲ་བ་བསྡུར་བ། པར་རིས་ཏུན་ཐའོ་ཡིས་འདོན་སྤྲོད་བྱས།


     ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རོང་པོ་ལ་གཞོང་ས་ནི་མདོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་ན་ཡོད་ལ། དེ་རུ་མཐོ་ཚད་སྨི4000གི་ཁྱབ་ཁོངས་ནང་གི་གསར་སྐྱེས་དུས་རབས་ཀྱི་ས་ངོས་རྣམ་པ་ཚང་མ་འདུས་ཡོད་པར་མ་ཟད། ད་དུང་ཚ་ཁུལ་གྱི་ཏ་ལའི་ཤིང་དང་ཆུ་སྡོམ་སོགས་ཀྱི་འགྱུར་རྡོ་མང་པོ་དང་རིམ་མང་གནའ་བོའི་ས་རྒྱུ། མེ་རིའི་ཐལ་བ་བཅས་ཀྱང་རྙེད་པ་ལས། མདོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་ཀྱི་ཡར་འཕགས་ཚུལ་དང་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་གི་ལོ་རྒྱུས་ཤུལ་རྗེས་གསལ་བོ་ཡོད་སྟབས། མདོ་དབུས་མཐོ་སྒང་གི་གྲུབ་ལུགས་དང་གནམ་གཤིས། སྐྱེ་ཁམས་བཅས་ལ་ཞིབ་འཇུག་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན་པ་རེད།


མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུགམདོ་དབུས་མཐོ་སྒང་འདི་གསར་སྐྱེས་དུས་རབས་མཇུག་གི་དུས་ལ་ཡར་འཕགས་ཚུལ་གྱི་རྣམ་པ། པར་རིས་ཏུན་ཐའོ་ཡིས་འདོན་སྤྲོད་བྱས།


      ཧྥང་ཞུའོ་མའེ་ཡིས་མདོ་དབུས་མཐོ་སྒང་ཡར་འཕགས་པའི་གོ་རིམ་དང་དེས་ཨེ་ཤ་ཡ་དང་འཛམ་གླིང་གི་གནམ་གཤིས། སྐྱེ་དངོས་འཕོ་འགྱུར་ལ་ཐེབས་པའི་ཤུགས་རྐྱེན་ནི་སའི་གོ་ལ་རིག་པའི་གནད་དོན་ཆེན་པོ་ཡིན། དེའི་ནང་ནས། མདོ་དབུས་མཐོ་སྒང་གི་མཐོ་ཚད་འགྱུར་ལྡོག་གི་ལོ་རྒྱུས་ཀྱིས་མཐོ་སྒང་གི་ས་དབྱིབས་འགྱུར་ལྡོག་དང་གནམ་གཤིས་ཁོར་ཡུག་དང་སྐྱེ་དངོས་ལ་ཐེབས་པའི་ཤུགས་རྐྱེན་མངོན་ཐུབ་ཅེས་བསྟན་པ་རེད།


ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་འཚོལ་ཞིབ་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་ཉི་འོད་ཕོག་ངོས་ནས་ཆུ་ཐོག་མར་རྙེད།
  • ལེ་ཚན་རྗེས་མ།:བོད་ཀྱི་རྩོམ་པ་པོ་ཞིག་ལ་རྒྱལ་སྤྱིའི་སྟེང་ནས་རྩོམ་རིག་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།