ཨ་མེ་རི་ཁའི་འཚོལ་ཞིབ་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་ཉི་འོད་ཕོག་ངོས་ནས་ཆུ་ཐོག་མར་རྙེད།

        2020-10-28


ཨ་མེ་རི་ཁའི་འཚོལ་ཞིབ་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་ཉི་འོད་ཕོག་ངོས་ ནས་ཆུ་ཐོག་མར་རྙེད།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ10ཚེས27ཉིན་གློག་འཕྲིན་འབྱོར་གསལ། ཚེས26ཉིན་ཨ་རིའི་དབྱིངས་བསྐྱོད་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་སྙོམས་རྒྱུག་བང་རིམ་གྱི་དམར་ཕྱིའི་གནམ་རིག་ལས་སྟེགས་ཁང(SOFIA)ཞེས་པས་ཟླ་བའི་གོ་ལའི་ཉི་འོད་ཕོག་ས་ནས་ཆུ་ཐོག་མར་རྙེད་པ་རེད། གསར་རྙེད་དེའི་ཐོག་ནས་ཟླ་བའི་གོ་ལའི་གྲང་ངར་ཆེ་ས་དང་གྲིབ་ནག་གི་གནས་གཅིག་པུར་མ་ཡིན་པར་དེའི་ཕྱི་ངོས་ཡོངས་ལ་ཆུ་གནས་པར་མཚོན་ཐུབ་པ་རེད།

སྤྱི་བསྒྲགས་ནངSOFIAཡིས་ཟླ་བའི་གོ་ལའི་ཕྱེད་ལྷོ་མའི་ཁེ་ལཱ་ཝུའེ་ཡུས་སིའི་མེ་རིའི་ཁུལ་དུ་ཆུའི་ཆ་རྡུལ་འཚོལ་ཞིབ་བྱས་ཤིང་དེ་ནི་སའི་གོ་ལའི་ཐོག་ནས་མཐོང་ཐུབ་པའི་ཟླ་བའི་གོ་ལའི་ཐོག་གི་མེ་རི་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞེས་བཀོད་ཡོད། ཨ་རིའི་དབྱིངས་བསྐྱོད་ཅུས་ཀྱིས་དེ་སྔོན་ཟླ་བའི་གོ་ལའི་ཕྱི་ངོས་སུ་རྣམ་པ་ངེས་ཅན་གྱི་ཆིང་གནས་ཡོད་པ་འཚོལ་ཞིབ་བྱས་ནས་ཤེས་རྟོགས་ཐུབ་མོད། འོན་ཀྱང་ཡང་སྙིང་ཆུ་ཡིན་ནམ་ཡང་ན་དེའི་ཆ་འདྲ་བའི་དངོས་པོའི་ཆ་གང་ཡིན་པ་གཏན་འཁེལ་བྱེད་ཐུབ་ཀྱི་མེད་པ་རེད། ད་ཐེངས་ཀྱི་འཚོལ་ཞིབ་གྲངས་གཞི་ལས་མངོན་པར་གཞིགས་ན། ཆུ་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་ས་གཞིར་ལུས་པ་དང་གར་ཚད་འབུམ་ཆ100ནས412བར་ཟིན་ཡོད་ཅིང་། མཇུག་འབྲས་འདི་ནི་དབྱིན་ཇུའི《རང་བྱུང་ལས་གནམ་རིག》དུས་དེབ་ཆེས་གསར་བའི་སྟེང་དུ་བཀོད་ཡོད།

གཞན་ཡང་དཔྱད་རྩོམ་ནང་ངོ་སྤྲོད་བྱས་པར་གཞིགས་ན། འཚོལ་ཞིབ་ཐུབ་པའི་ཆུ་དེ་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་ཤེལ་ལྟ་བུའི་དངོས་པོའི་ནང་གནས་སྲིད་པའམ་ཡང་ན་བདར་རིལ་བར་གནས་ཡང་ན་བདར་རིལ་བར་གནས་སྲིད་ཅིང་། ཤེལ་ལྟ་བུའི་དངོས་པོ་དང་བདར་རིལ་དེ་དག་གིས་ཁོར་ཡུག་ངན་པའི་ནང་ཆུ་སྲུང་སྐྱོང་གི་ནུས་པ་ཐོན་གྱི་ཡོད་པར་བསྟན་འདུག

ཨ་རིའི་དབྱིངས་བསྐྱོད་ཅུས་ཀྱི་ཅུས་ཀྲང་ཅི་མུའུ·པུའུ་ལི་ཏེང་སི་ཐིང་གིས་སྤྱི་ཚོགས་འབྲེལ་བའི་འཕྲིན་སྦྱོར་ཐོགSOFIAཡིས་ཟླ་བའི་གོ་ལའི་ཐོག་ཉི་འོད་ཕོག་པའི་ངོས་དེ་ཆུ་ཡོད་པ་ཐེངས་དང་པོར་གཏན་འཁེལ་བྱས་པ་དང་ད་ཆ་བེད་སྤྱོད་གཏོང་ཆོག་མིན་གསལ་བོར་ཤེས་ཀྱི་མེད་ཀྱང་། ཟླ་བའི་གོ་ལའི་ཐོག་གི་ཆུ་ལ་རྒྱུས་ལོན་བྱ་རྒྱུ་དེ་ནི་ཨ་ཨེ་ཐེ་སྨི་སེ་ཞེས་པའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་འཆར་གཞིའི་འགག་རྩ་ཡིན་པ་རེད་ཅེས་བཤད་པ་རེད།

ཨ་ཨེ་ཐེ་སྨི་སེ་ཞེས་པའི་མིང་ནི་ཀེ་རི་སེའི་ལྷ་སྒྲུང་ཁྲོད་ཀྱི་ཟླ་བའི་ལྷ་མོ་ནས་བཏགས་པ་ཞིག་ཡིན་ཞིང་། ཨ་ཨེ་ཐེ་སྨི་སེ་ཡི་འཆར་གཞི་ནི་ཨ་རིས་བཟོས་པའི་ཟླ་བའི་གོ་ལའི་ཐོག་བསྐྱར་ལོག་བྱ་རྒྱུའི་འཆར་གཞི་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི2024ལོར་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོ་དང་སྐྱེས་པ་འཇིག་རྟེན་འཕུར་སྐྱོད་པ་གཅིག་ཟླ་བའི་གོ་ལའི་ཐོག་བསྐྱལ་རྒྱུ་དང་འབྲེལ2028ལོར་ཟླ་བའི་གོ་ལའི་ཐོག་ནམ་རྒྱུན་གྱི་འབབ་ས་བཙུགས་ནས་མཐར་མིའི་རིགས་སྐར་མ་མིག་དམར་ཐོག་བསྐྱོད་པའི་བར་བརྒྱུད་ས་ཚུགས་ཤིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྗེས་མརSOFIAཡིས་ཟླ་བའི་གོ་ལའི་འབྲེལ་ཡོད་འཚོལ་ཞིབ་མུ་མཐུད་བྱས་ནས་ཟླ་བའི་གོ་ལའི་ཐོག་གི་ཆུ་དེ་ཇི་ལྟར་བྱུང་བ་དང་། གསོག་འཇོག གཞན་སྒྱུར་བཅས་ཇི་ལྟར་བྱ་དགོས་པ་རྒྱུས་ལོན་བྱ་རྒྱུ་རེད། གྲངས་གཞི་དེ་དག་གིས་འབྱུང་འགྱུར་ཟླ་བའི་གོ་ལའི་འཚོལ་ཞིབ་འཆར་གཞིར་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ཤིང་། ཟླ་བའི་གོ་ལའི་ཆུའི་ཐོན་ཁུངས་ཀྱི་ས་བཀྲ་ཐོག་མ་བཟོ་བར་ཕན་པ་དང་། འབྱུང་འགྱུར་འགྲོ་བ་མིས་བར་སྣང་འཚོལ་ཞིབ་ལས་འགན་བསྒྲུབ་པར་ཕན་ཐོགས་པ་རེད།། (ཐུབ་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:བུད་མེད་ཚན་རིག་མཁས་པ་གཉིས་ལ་ནོ་པེར་བྱ་དགའ་ཐོབ་འདུག
  • ལེ་ཚན་རྗེས་མ།:མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུག
  • དོ་སྣང་ཆེ་བའི་རྩོམ།