འབར་མར་ཡོད་པའི་ཀྲུང་གོ་བ་ཕྱིར་འཐེན་མིན་ཐད་ཀྱི་ཕྱི་འབྲེལ་པུའུ་ཡི་ལན།

        2021-04-20

    མི་དམངས་དྲ་བའི་འཕྲིན། ཚེས་15ཉིན། འབར་མ་རུ་ཀྲུང་གོའི་མ་འཇོག་ཁེ་ལས་ལ་ཁྲིམས་འགལ་མི་སྣས་རྡུང་རྡེག་འཕྲོག་བཅོམ་བྱེད་པའི་ཐད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་དེར་ལན་བསློགས་དོན། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་དུས་བབ་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འབར་མའི་ཕྱོགས་ལ་འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་དང་། དོན་རྐྱེན་བཟོ་མཁན་ལ་ཞིབ་བཤེར་དགོས་པའི་སྐུལ་འདེད་བྱས་ཡོད།
   ཀྲའོ་ལི་ཅན་གྱིས། འབར་མ་ཕྱོགས་ཁག་གིས་སེམས་རྣལ་དུ་ཕབ་ནས་བཟོད་སྒོམ་གྱིས་གླེང་མོལ་ཐོག་ནས་འགལ་བ་ཐག་གཅོད་ཐུབ་པའི་རེ་བ་ཡོད་ཅེས་བཤད།
   ཀྲའོ་ལི་ཅན་གྱིས། འབར་མའི་གནས་བབ་ཐད། འབར་མའི་ཕྱོགས་ཁག་གིས་སེམས་རྣལ་དུ་ཕབ་ནས་བཟོད་སྒོམ་བྱེད་པ་དང་། འབར་མའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་བསམ་བློ་གཏོང་བ། གླེང་མོལ་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འོག་འགལ་བ་དང་རྩོད་གཞི་ཐག་གཅོད་བྱས་ནས། རྒྱལ་ནང་དམངས་གཙོ་རིགས་བསྒྱུར་གོ་རིམ་ལ་མུ་མཐུད་དུ་སྐུལ་སྤེལ་གཏོང་དགོས། མིག་སྔའི་དོན་དག་གལ་ཆེ་ནི། འགལ་བ་གསར་པ་མི་ཡོང་བའི་སྔོན་འགོག་བྱས་ནས། གནས་བབ་ཞི་ལྷོད་ཕྱོགས་སུ་གང་མགྱོགས་འགྲོ་བ་བྱེད་དགོས་ཞེས་བསྟན།
   ཀྲའོ་ལི་ཅན་གྱིས། འབར་མའི་ཕྱོགས་ལ་འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པའི་སྐུལ་འདེད་གཏོང་བ་རེད།
    འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ལ་རྡུང་གཅོག་འཕྲོག་བཅོམ་གྱི་གནོད་འཚེ་ཐེབས་པའི་ངོ་བོ་ཧ་ཅང་ངན་པ་ཡིན་ཞིང་། འབར་མར་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དུས་ཚོད་དང་པོ་ནས་འབར་མར་ཡོད་པའི་ཀྲུང་གོའི་ཁེ་ལས་གྲོས་ཚོགས་དང་འབྲེལ་ཡོད་ཁེ་ལས་ལ་འབྲེལ་བ་བྱས་ནས། ཡུལ་དེའི་ཉེན་རྟོག་ཕྱོགས་ལ་མགྱོགས་པོར་བྱེད་ཐབས་ནུས་ལྡན་སྤྱད་དེ་ཀྲུང་གོའི་མ་འཇོག་ཁེ་ལས་དང་མི་སྣའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འབར་མ་ཕྱོགས་ཀྱིས་དོན་དག་དང་འབྲེལ་བ་ཡོད་པའི་ས་ཁུལ་དུ་ཉེན་རྟོག་སྟོབས་ཤུགས་དང་མེ་གསོད་མེ་འགོག་གི་སྟོབས་ཤུགས་ཁ་སྣོན་གྱིས་མངགས་ཏེ། ཡུལ་དངོས་ཀྱི་བདེ་འཇགས་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འབར་མའི་ཕྱོགས་ལ་ཕན་ཡོད་བྱེད་ཐབས་སྤྱད་ནས། དྲག་ཤུགས་ཀྱི་བྱ་སྤྱོད་ཡོད་ཚད་བཀག་འགོག་བྱེད་དགོས་པའི་སྐུལ་འདེད་བྱ་རྒྱུ་ཡིན། ཁྲིམས་ལྟར་འབྲེལ་ཡོད་དོན་རྐྱེན་བཟོས་མཁན་ཞིབ་བཤེར་བྱས་ནས། འབར་མར་ཡོད་པའི་ཀྲུང་གོའི་ཁེ་ལས་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་སྲུང་བྱེད་དགོས།
    ཀྲའོ་ལི་ཅན་གྱིས་ཀྲུང་གོ་དང་འབར་མའི་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་ཐོག་མཐའ་བར་གསུམ་དུ་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ལ་གཞིགས་པ་དང་། འབར་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་དང་འབར་མའི་མང་ཚོགས་ལ་ཕན་ཐོགས་ཡོང་བར་དམིགས་དགོས། ཁྲིམས་འགལ་མི་སྣ་དེ་དག་གི་བྱ་སྤྱོད་ནི་འབར་མ་དང་འབར་མའི་མི་དམངས་ཀྱི་ཁེ་ཕན་དང་མི་མཐུན་པ་རེད། ང་ཚོས་འབར་མའི་མང་ཚོགས་ཀྱིས་ཁྲིམས་མཐུན་གྱི་སྒོ་ནས་རེ་འདུན་ཞུ་བ་དང་།  ངན་སྐུལ་དང་མི་གཞན་གྱི་བཀོལ་སྤྱོད་མི་ཐེབས་པ་བྱེད་པ། ཀྲུང་གོ་དང་འབར་མའི་མཛའ་གྲོགས་མཉམ་ལས་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས།
   ཀྲུང་གོ་ཕྱོགས་ཀྱིས་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱེད་མིན་གྱི་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་དུས་བབ་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞིའི་མི་སྣའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ཀྱིས་བྱེད་ཐབས་ཏན་ཏིག་སྤྱད་དེ་འབར་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་དེ་དང་འདྲ་བའི་དོན་རྐྱེན་སླར་ཡང་མི་ཐོན་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོས་འབར་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ངོས་ཀྱི་དོགས་ཟོན་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།

  • ལེ་ཚན་སྔོན་མ།:མོང་གོལ་རྒྱལ་ཁབ་ཏུ་བྱེ་རྡུལ་རླུང་འཚུབ་བྱུང་ནས་མི་10ཚེ་ལས་འདས།
  • ལེ་ཚན་རྗེས་མ།:བོད་ཀྱིས་དཔེ་རྙིང་མང་པོ་ཞིག་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།