བོད་ཀྱི་རྩོམ་པ་པོ་ཞིག་ལ་རྒྱལ་སྤྱིའི་སྟེང་ནས་རྩོམ་རིག་བྱ་དགའ་ཐོབ།

        2020-12-22

བོད་ཀྱི་རྩོམ་པ་པོ་ཞིག་ལ་རྒྱལ་སྤྱིའི་སྟེང་ནས་རྩོམ་རིག་བྱ་དགའ་ཐོབ།

     སྤྱི་ལོ2020ལོའི་ཟླ12པའི་ཚེས17ཉིན་ཀྲུང་གོའི་རྩོམ་པ་པོ་དྲ་བས་བཀོད་པའི་གནས་ཚུལ་ལྟར་ན། བོད་ཀྱི་སྙན་ངག་པ་ས་དམར་གྲགས་པ་ལ་སྤྱི་ལོ2020ལོའི་ཟླ12པར་དབྱི་ཐ་ལིའི་རྒྱལ་སྤྱིའི་གསེར་སྨྱུག་རྩོམ་རིག་བྱ་དགའི་རྒྱལ་ཕྱིའི་གཟེངས་ཐོན་རྩོམ་རིག་བྱ་དགའ་ཐོབ། དབྱི་ཐ་ལིའི་ཆིན་ཐུའུ་ཝེར་བྷ་དཔེ་སྐྲུན་ཁང་གིས་སྒྲིག་འཛུགས་གནང་བའི་བྱེད་སྒོ་འདི་ལ་འཛམ་གླིང་ཡུལ་གྲུ་སོ་སོའི་སྙན་ངག་པའི་བརྩམས་ཆོས་སྤྱན་བསྟར་ཞུས་པར། མཐར་ས་དམར་གྲགས་པའི་སྙན་ངག《མེ་ཏོག་བཞད་པའི་དུས་ཚོད》ལ་མཚན་རྟགས་གནང་བར་མ་ཟད། དཔེ་སྐྲུན་ཁང་གང་ཉིད་ཀྱི་སྙན་ངག་བདམས་སྒྲིག་དཔེ་དེབ་ཏུ་བཀོད།

བོད་ཀྱི་རྩོམ་པ་པོ་ཞིག་ལ་རྒྱལ་སྤྱིའི་སྟེང་ནས་རྩོམ་རིག་བྱ་དགའ་ཐོབ།

     གྲགས་པ་རྒྱ་མཚོའམ་ས་དམར་གྲགས་པ། ཡང་ན་གཡག་རྭ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས།ད་ལྟ་དབུས་ལྷ་ལྡན་གྲོང་དུ་གནས་སྡོད་བྱས་ཡོད། ལོ་ངོ་དུ་མར་ཀན་ལྷོ་དང་། མཚོ་སྔོན། བོད་ལྗོངས་དང་པེ་ཅིང་སོགས་སུ་སློབ་གཉེར་བྱས་ཤིང་། 《སྦྲང་ཆར》དང《ཟླ་ཟེར》《གངས་རྒྱན་མེ་ཏོག》《མི་དམངས་རྩོམ་རིག》《སྙན་ངག་དུས་དེབ》《ཀྲུང་གོའི་རྩོམ་པ་བོ》《བོད་ལྗོངས་རྩོམ་རིག》སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོ་བོས་གཞས་ཚིག་དང་། ལྷུག་རྩོམ།བརྩམས་སྒྲུང་དང་ལོ་ཙཱ་བྱས་པའི་བརྩམས་ཆོས་སོགས་རྩོམ་ལུས་མི་འདྲ་བ་དྲུག་བརྒྱ་ལྷག་བཀོད། སྔ་རྗེས་སུ་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་།རྒྱལ་ཡོངས་སྐབས་དང་པོའི་བོད་རྒྱ་སྐད་གཉིས་ཀྱི༼ཐུ་བྷོད་སྙན་ངག་མཁན་པོའི༽མཚན་སྙན་བྱ་དགའ་དང་།སྐབས་དང་པོའི"ཤང་ཀང"ཀྲུང་ཧྭ་རྒྱལ་ཁབ་གསར་པའི་ཁྱུང་གི་རྒྱ་སྐད་སྙན་ངག་འགྲན་བསྡུར་ཁྲོད"གོང་མའི་ཅོད་པན་སྙན་ངག་མཁན"གྱི་མཚན་སྙན་བྱ་དགའ་སོགས་ཐོབ།ལྷུག་རྩོམ་སྙན་ངག་དེབ《སེམས་ཚེགས》དང་། སྙན་ངག་དེབ《རྨི་ལམ་ནང་གི་འོད་ཁང》དང་། 《གཡོས་ཁང་གི་མདོ》དང་། རྒྱ་ཡིག་གི་སྙན་ངག་དེབ《འོད་ཀྱི་སྒྲོག་གུ》སོགས་དེབ་བཞི་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། ཧྥ་རན་སེའི་སྐད། དབྱི་ཐ་ལིའི་སྐད། ཁོ་རེ་ཡའི་སྐད། ཉི་ཧོང་གི་སྐད། ཧ་སག་གི་སྐད། སུར་པཱན་གྱི་སྐད་དུ་བསྒྱུར་ཡོད་དོ།།

ཏིང་ཏིང་གིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མདོ་དབུས་མཐོ་སྒང་ཡར་འཕགས་ཚུལ་ལ་བཤད་སྟངས་གསར་པ་ཐོན་འདུག
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འདེམ་བསྐོ་ཞི་བདེའི་ངང་སྤེལ་དགོས་པའི་འབོད་སྐུལ་བཏང་།
  • དོ་སྣང་ཆེ་བའི་རྩོམ།