ཧྥུང་ཧྥ་ཀུའེ་ཡིས་ཡག་གི་དཀར་མཛེས་ཞེས་པའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེ་རུ་གཏང་དགོས་ཞེས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-22

སྤྱི་ཟླ11པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭས་རང་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་བཀོད་སྒྲིག་གནང་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཁུལ་སྲིད་གཞུང་གིས་ནོར་ནག་ཐོན་ལས་ཁྱུ་ཚོགས་འཛུགས་པའི་ཆེད་རམས་པའི་འདྲི་རྨེད་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ལས་ཀར་སྐུལ་འདེད་གཏོང་བའི་གནས་ཚུལ་གང་ལེགས་ལ་ཉན་འཇོག་བྱས་པ་དང་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། ཆེད་རམས་པ་ལ་འདྲི་རྨེད་བྱེད་པ་དང་འབྲེལ་ཕྱིན་ཆད་ལས་ཀར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་ནང་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ལས་བཀུར་ཆེད་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་ཁུལ་གྱི་ནོར་ནག་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་བསམ་གཞིག་དང་ཞིབ་འཇུག་གདིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་ཇེ་གསལ་དུ་བཟོ་དགོས་པ་དང་། ཇུས་འགོད་རྩེ་གྲ་དང་འགག་རྩ་དམ་འཛིན། དཀའ་གནད་སྒྲོལ་བ། འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་བཅས་ཀྱིས་ཡག་གི་དཀར་མཛེས་ཞེས་པའི་ནོར་ནག་ཐོན་ལས་ཁྱུ་ཚོགས་སྟོབས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:གཡང་འཛོམས་ཀྱིས་མགར་རྩལ་ཡག་པོ་ལ་བརྟེན་ ནས་ཕྱུག་འགྱུར་ལམ་བུ་བསྐྲུན།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་སུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།