དྲུག་སྡེ།

ཕོ་ལྷ།        2021-11-19

རེད།

མེ་ལོང་ནང་གི་ཉི་ཟླ་རྫུན་མ་རེད།

རྨི་ལམ་ནང་གི་ཐུག་འཕྲད་སྡུག་བསྔལ་རེད།

སྟོན་འཇུག་གི་སྡོང་ལོ་དག།

སེར་པོར་གྱུར་པ་འདི།

མི་རྟག་པའི་བརྡ་རྟགས་རེད།

རླུང་བུས་ངེས་མེད་དེད་པ་འདི།

ངའི་མི་ཚེ་ཡིན་པར་གདའ།

སང་ཉིན།

སང་ཉིན་ནས་བཟུང་།

ངས་བརྩེ་དུང་གི་སྙན་ངག་ཅི་འབྲི།

མིག་ཆུ་ཞིག་འབྲི།

རྒྱང་རིང་ཞིག་འབྲི།

རེ་སྒུག་ཅིག་འབྲི།

ཐུག་འཕྲད་ཅིག་འབྲི།

འཇིག་རྟེན།

ཕྱི་རོལ་གྱི་འཇིག་རྟེན་ནས།

བུད་མེད་མང་པོ་འགྲོ་བཞིན་འདུག།

སྐྲ་ལོ་རེ་རེ་ལས།

རེ་སྒུག་གི་ཁ་བ་འཐོར་གྱིན་འདུག།

ང་རང་ཁང་པའི་ནང་ནས།

ཕྱི་རོལ་གྱི་འཇིག་རྟེན་ཞེས་པའི།

གཞས་ཤིག་ཉན་གྱི་ཡོད།

མཚན་མོ།

ས་རུབ་ཁར།

བྱེའུ་གཉིས་ཀྱིས།

ང་ལ་དྲན་གདུང་བསླངས་པས།

མཚན་མོ་འདི་ལྷག་ཏུ་གྲང་སོང་།

བྲིས་སྒོམ།

ང་ལ་བྲིས་སྒོམ་ཞིག་ཡོད།

དེའི་ནང་དུ་བུ་མོ་ཞིག་གི་པར་ཡོད།

པར་དེ་ལ་བརྩེ་དུང་ཡོད།

པར་དེ་ལ་ཁ་དོག་ཡོད།

འོན་ཀྱང་།

པར་དེ་ལ་གཏམ་རྒྱུད་མེད།

འཁོར་བ་མེད།

ལྷག་ཏུ་མི་ཚེ་ཡང་མེད།

ལམ་ཟུར།

ལམ་ཟུར་ལ་དུ་བ་རྔུབ་འཕྲོ་ལས།

ཅི་ཡང་མི་འདུག།


  • ལེ་ཚན་སྔོན་མ།:ང་ཆུང་དུས་བྱིས་པ་པྲ་ཚགས་ཤིག་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།