སང་ཉིན། ཟླ་འཛིན་ལ་བལྟ་རྒྱུ་མ་བརྗེད།

    མི་དམངས་དྲ་བ།    2021-11-18

སང་ཉིན། ཟླ་འཛིན་ལ་བལྟ་རྒྱུ་མ་བརྗེད།

   ཟླ་11ཚེས་19ཉིན། ཟླ་འཛིན་རྔམ་བརྗིད་ཅན་ཞིག་བྱུང་རྒྱུ་རེད། རྔམ་བརྗིད་ལྡན་པ་ཟེར་དོན་གང་ཡིན་ཟེར་ན། ཐེངས་འདིའི་ཟླ་འཛིན་ནི་ཕལ་ཆེར་ཟླ་བ་ཧྲིལ་འཛིན་ཡིན་པ་དང་། གལ་ཏེ་གནམ་གཤིས་བཟང་ན། རང་རྒྱལ་ས་ཆ་མང་པོ་ནས་ཐེངས་འདིའི་ཟླ་འཛིན་མཐོང་ཐུབ། 
   ཀྲུང་གོའི་གནམ་རིག་སློབ་ཚོགས་ཀྱི་ཚོགས་མི། ཐེན་ཅིན་གྲོང་ཁྱེར་གནམ་དཔྱད་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན་དབྱང་ཅིང་གིས་ངོ་སྤྲོད་བྱས་དོན། 2021ལོར་ཟླ་འཛིན་ཁྱོན་ཐེངས་གཉིས་ཡོད། ཐེངས་དང་པོ་ནི་ཟླ་བ་ཧྲིལ་འཛིན་རེད། དེ་ནི་ཟླ་5ཚེས་26ཉིན་བྱུང་ཡོད། ཐེངས་གཉིས་པ་ནི་ཟླ་11ཚེས་19ཉིན་ཡིན་ཞིང་། ཟླ་བ་ཕྱེད་འཛིན་རེད། སྟབས་ལེགས་པ་ཞིག་ལ། རང་རྒྱལ་གྱི་ས་ཁུལ་ཁ་ཤས་ནས་ཟླ་འཛིན་ཐེངས་འདི་གཉིས་ཀ་མཐོང་ཐུབ།
   “ད་ཐེངས་ཀྱི་ཟླ་འཛིན་ངོས་ནས་བརྗོད་ན། ཟླ་བ་ཕྱེད་འཛིན་ཟེར་མོད། འོན་ཀྱང་ཟླ་འཛིན་གྱི་ཆེ་ཆུང་0.978ཡོད། དེའང་གསལ་པོར་བརྗོད་ན་ཟླ་བའི་97%ནི་སའི་གོ་ལའི་གྲིབ་ནག་གིས་སྒྲིབ་སྲིད་པ་དང་། དེ་ནི་ཟླ་བ་ཧྲིལ་འཛིན་དང་ཧ་ཅང་ཐག་ཉེ་བ་རེད། མང་ཚོགས་ཀྱིས་དེ་ནི་ཟླ་བ་ཧྲིལ་འཛིན་ལ་ངོས་བཟུང་ནས་ཉམས་སུ་མྱོང་ཆོག”ཅེས་དབྱང་ཅིང་གིས་དེ་ལྟར་བརྗོད། 
   ཐེངས་འདིའི་ཟླ་བ་ཕྱེད་འཛིན་གྱི་ཁྱབ་ཁོངས་རྒྱ་ཆེ་བ་སྟེ། ཡ་གླིང་ཤར་རྒྱུད། རྒྱ་མཚོ་ཆེན་པོ(ནུབ་རྒྱུད་ཕུད) ཞི་བདེ་རྒྱ་མཚོ། མེ་གླིང་བྱང་མ། མེ་གླིང་ལྷོ་མ། བྱང་རྒྱ་མཚོ་ཆེན་པོ་དང་ལྷོ་རྒྱ་མཚོ་ཆེན་པོའི་ནུབ་རྒྱུད། ཡོ་རོབ་མཐའ་སྣེའི་ནུབ་རྒྱུད་དང་མཐའ་སྣེ་བྱང་རྒྱུད། བྱང་འཁྱག་རོམ་རྒྱ་མཚོ་བཅས་ནས་མཐོང་ཐུབ། རང་རྒྱལ་ནས་བཤད་ན། ཐེངས་འདིའི་ཟླ་བ་ཕྱེད་འཛིན་གྱི་དུས་ཚོད་ནི་པེ་ཅིང་གི་དུས་ཚོད་ཆུ་ཚོད་15དང་སྐར་མ་18ཐོག་ནས་ཟླ་འཛིན་འགོ་རྩོམ་པ་དང་། ཆུ་ཚོད་17དང་སྐར་མ་03ཐོག་ཟླ་འཛིན་རྫོགས་པ། ཆུ་ཚོད་18དང་སྐར་མ་47ཐོག་ཟླ་འཛིན་རིལ་སོས་ཡོང་རྒྱུ་རེད། བརྒྱུད་རིམ་ཆ་ཚང་ལ་དུས་ཡུན་ཆུ་ཚོད་3དང་སྐར་མ་29དགོས། 

སང་ཉིན། ཟླ་འཛིན་ལ་བལྟ་རྒྱུ་མ་བརྗེད།

སང་ཉིན། ཟླ་འཛིན་ལ་བལྟ་རྒྱུ་མ་བརྗེད།


  • ལེ་ཚན་སྔོན་མ།:ཀྲུང་ནན་ཧྲན་གྱིས“གློ་བ”སྲུང་སྐྱོབ་སྐོར་འདི་ལྟར་བཤད།
  • ལེ་ཚན་རྗེས་མ།:མཚོ་སྔོན་ནས་རྐུ་ཤོར་བའི་གསེར་གྱི་རྒྱན་ཆ694ཚུར་ལེན་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།