ཀྲུང་ནན་ཧྲན་གྱིས“གློ་བ”སྲུང་སྐྱོབ་སྐོར་འདི་ལྟར་བཤད།

    མི་དམངས་དྲ་བ།    2021-11-18

   ཟླ་11ཚེས་17ཉིན་ནི་འཛམ་གླིང་གི་དལ་བའི་རང་བཞིན་གྱི་གློ་བ་འགག་པའི་ཉིན་རེད། ད་ལོའི་བརྗོད་གཞི་ནི“བདེ་ཐང་གི་དབུགས་རྔུབ་ལེན། གང་དང་ཡང་འགྲན་ཟླ་བྲལ”ཞེས་པ་དེ་རེད། 
   ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོར་འཛམ་གླིང་གི་དལ་བའི་རང་བཞིན་གྱི་གློ་བ་འགག་པའི་གློ་ནད་ཉིན་མོའི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད། ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི། གྲགས་ཆེ་བའི་འབྱིན་རྔུབ་རིག་པའི་རིགས་གཅིག་མཁས་ཅན་ཀྲུང་ནན་ཧྲན་གྱིས་འཆད་ཁྲིད་ཐོག དལ་བའི་རང་བཞིན་གྱི་གློ་བ་འགག་པའི་རིམས་ནད་ནི་སྔོན་འགོག་བྱེད་ཐུབ་པ་དང་སྨན་བཅོས་བྱེད་ཐུབ་པའི་ནད་རིགས་ཤིག་ཡིན་ཞིང་། དལ་བའི་རང་བཞིན་གྱི་གློ་བ་འགག་པའི་རིམས་ནད་ངོས་འཛིན་པའི་ཚད་གཞི་གཤའ་མ་ནི་གློ་བའི་ནུས་པར་བརྟག་དཔྱད་བྱ་རྒྱུ་དེ་ཡིན་པ་མ་ཟད། ལོ་40ཡན་གྱི་མི་ཚོགས་དང་། ལྷག་པར་དུ་ཡུན་རིང་པོར་ཐ་མག་འཐེན་པའི་མི་ཚོགས་སམ་ཡང་ན་དུས་ཡུན་རིང་པོར་དུ་སྨུག་དང་སྐྱེ་དངོས་ཀྱི་འབར་རྫས་སོགས་དང་འབྲེལ་མང་བའི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ལོ་རེར་གློ་བའི་ནུས་པར་ཞིབ་བཤེར་བྱེད་དགོས་པ་དང་། དལ་བའི་རང་བཞིན་གྱི་གློ་བ་འགག་པའི་ནད་སྔོན་ནས་ཤེས་རྟོགས་བྱུང་ཞིང་། ནད་རྟགས་ཡང་བའི་དུས་ནས་བཟུང་གསོ་བཅོས་བྱས་ན། གློ་བའི་བྱེད་ནུས་ལ་སྲུང་སྐྱོབ་གང་ལེགས་བྱེད་ཐུབ་པ་བསྟན།

  • ལེ་ཚན་སྔོན་མ།:སྐབས19པའི་ཀྲུང་ཨུའི་ཚང་འཛོམས་ཚོགས་ཐེངས6པའི་སྤྱི་བསྒྲགས་གཙོ་གནད།
  • ལེ་ཚན་རྗེས་མ།:སང་ཉིན། ཟླ་འཛིན་ལ་བལྟ་རྒྱུ་མ་བརྗེད།
  • དོ་སྣང་ཆེ་བའི་རྩོམ།