ཧྲེན་དབྱང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་སུ་རྟོག་ཞིབ་གནང་།

ཨ་ཐུབ་ཀྱིས་བསྒྱུར།        2021-11-22

སྤྱི་ཟླ11པའི་ཚེས17ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སྔོན་རྗེས་སུ་ཁུལ་མི་རིགས་ཟློས་གར་ཁང་དང་། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། སི་ཁྲོན་ཉིན་རེའི་ཚགས་པར་གྱི་དཀར་མཛེས་ཁུལ་གསར་འགོད་པའི་བཅར་བཞུགས་ས་ཚུགས། ཁུལ་རིག་གནས་ཁང་། ཁུལ་དཔེ་མཛོད་ཁང་། ཁུལ་ཨུའི་དྲྭ་འཕྲིན་གཞུང་ལས་ཁང་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་བ་དང་འབྲེལ་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ལས་ཡུལ་ལས་སྒྲུབ་མི་སྣ་ཚོ་ལ་འཚམས་འདྲི་ཡང་གནང་བ་དང་། བཞུགས་མོལ་གྲོས་ཚོགས་སུ་ཞུགས་ནས་ལས་དོན་སྙན་སེང་ལ་གསན་འཇོག་གནང་བ་དང་སྦྲགས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་དགོས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏིག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུའི་གཙོ་ཕྱོགས་འདི་ལ་དམིགས་ཤིང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་ཅིང་། དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྒྲིལ་བ། མི་གསར་གསོ་སྐྱོང་བྱེད་པ། རིག་གནས་དར་རྒྱས་གཏོང་བ། རྣམ་པ་བཟང་པོ་སྟོན་པ་བཅས་ལ་དམིགས་པ་དང་། གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱ་དགོས།

ཧྲེན་དབྱང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཏང་གིས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་དགོས་ཤིང་། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། མཐིལ་ཚད་ཀྱི་བསམ་ཕྱོགས་བསྲུང་དགོས། རང་རྟོགས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་ཞིང་གདེང་ཚོད་བཞི་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱ་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་གཅིག་གྱུར་ཚད་མཐོ་ཤོས་ཡོང་བར་བྱ་དགོས། བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་གཏོད། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་ཀྱི་སྒོ་ནས་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་ཧུར་ཐག་འཁུར་དགོས་ཞེས་བསྟན་པ་རེད།

ཧྲེན་དབྱང་གིས་བླང་བྱ་བཏོན་དོན། ལས་དོན་ཐམས་ཅད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོར་བཅང་རྒྱུ་ལ་དམིགས་པ་རྒྱུན་འཁྱོངས་བྱ་དགོས། ཏང་གི་གསར་གཏོད་རིགས་གཞུང་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་། དབུལ་ཐར་འགག་སྒྲོལ་གྱི་གཏམ་རྒྱུད་སོགས་བྱང་ཆུབ་པ་བཤད་དེ། དཔེ་ཆ་རེ་རེ་དང་། གླུ་དབྱངས་རེ་རེ། ཟློས་གར་རེ་རེ། རྩོམ་ཡིག་རེ་རེ་བཅས་ལས་མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱག་རྒྱུའི་དོན་སྙིང་མངོན་པར་བྱ་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཤུགས་བརྒྱག་དགོས་ཤིང་། མང་ཚོགས་ཀྱི་དགོས་མཁོ་ཡིས་ཁྲིད་ཕྱོགས་བྱས་ཏེ་ལྟ་དགའ་ཉན་སྤྲོའི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ཀྱིས་ལྟ་ཐུབ་པ་དང་སྦྱོང་ཐུབ་པ་བྱ་དགོས། ནང་དོན་ཕུན་སུམ་ཚོགས་ལ་ཉེ་བར་མཁོ་བར་བརྒྱུད་དེ་མང་ཚོགས་ཀྱིས་ཉན་ཐུབ་པ་དང་ཕན་འབྲས་འཐོབ་པ་བྱ་དགོས། དྲིལ་བསྒྲགས་རིག་གནས་ཀྱི་གཡུལ་ས་སྐྲུན་ཤུགས་ཆེ་རུ་གཏང་དགོས་ཤིང་། ཏང་གི་འཕྲིན་སྦྱོར་དང་སྒེར་གྱི་འཕྲིན་སྦྱོར། དྲྭ་ཐོག་དང་དྲྭ་ཕྱི། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས། དྲིལ་བསྒྲགས་དང་རིག་གནས། རིགས་གཞུང་དང་རིག་རྩལ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། གཙོ་རྒྱུན་འཕྲིན་སྦྱོར་གྱི་ཁྱབ་སྒྲོག་བྱེད་ཤུགས་དང་སྐུལ་ཁྲིད་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཡིད་རྟོན་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏང་དགོས། རིག་གནས་དར་རྒྱས་གོང་འཕེལ་གཏང་དགོས། གཅིག་མཐུན་རང་བཞིན་དང་ཆེ་རུ་གཏོང་བ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་ཁོང་ཡངས་བྱ་རྒྱུར་དོ་སྣང་བྱ་དགོས། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་གླིང་ག་དང་དཀར་མཛེས་ཁུལ་ཁོངས་ཀྱི་རྨ་ཆུ་རྒྱལ་ཁབ་རིག་གནས་གླིང་ག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་གཏང་དགོས་ལ། མི་རིགས་ཁག་གི་ཐུན་མོང་ལོངས་སྤྱོད་དུ་གྱུར་པའི་ཀྲུང་ཧྭའི་རྟགས་མཚོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་རྣམ་དེ་བས་ལྷག་པར་བསྟན་པ་དང་མངོན་གསལ་བྱས་ཏེ། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏང་དགོས།

ཧྲེན་དབྱང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་ཞིང་སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་དཔུང་སྡེ་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆ་རྐྱེན་ལེགས་བཅོས། མ་དངུལ་འགན་སྲུང་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་གནས་བབ་གསར་པ་ཧུར་ཐག་གིས་གཏོད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཉིའེ་ཞི་དང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་། ཁུལ་རིམ་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་སྡེ་ཚན་གྱི་འགན་ཁུར་བ་བཅས་ཞུགས་ཡོད།།

  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ཡག་གི་དཀར་མཛེས་ཞེས་པའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེ་རུ་གཏང་དགོས་ཞེས་གསུངས།
  • ལེ་ཚན་རྗེས་མ།:ཟླ་བ་དང་པོ་ནས10པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལོ་ཧྲིལ་པོའི་དམིགས་འབེན་ཚད་བརྒལ་ངང་ལེགས་གྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།