ཟླ་བ་དང་པོ་ནས10པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལོ་ཧྲིལ་པོའི་དམིགས་འབེན་ཚད་བརྒལ་ངང་ལེགས་གྲུབ་བྱུང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-22

2021ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི240ཡོད་པ་ལས་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར311.61གཏང་རྩིས་ཡོད་ཅིང་། ཟླ་བ་དང་པོ་ནས10པའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར315.24བཏང་སྟེ། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ101.17ལེགས་གྲུབ་བྱུང་པས། ལོ་འཁོར་འཆར་གཞིའི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

དེའི་ནང་འཕྲོ་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར260.46བཏང་འཇོག་བྱས་ཏེ། ལོ་འཁོར་འཆར་གཞིའི་བརྒྱ་ཆ110.08ལེགས་གྲུབ་བྱུང་ཡོད་པ་དང་། གསར་དུ་ལས་མགོ་ཚུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར54.78བཏང་འཇོག་བྱས་ནས། ལོ་འཁོར་འཆར་གཞིའི་བརྒྱ་ཆ73.04ལེགས་གྲུབ་བྱུང་ཡོད། ལས་མཇུག་འགྲིལ་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར58.72བཏང་འཇོག་བྱས་ནས། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ78.87ལེགས་གྲུབ་བྱུང་ཡོད།

གཙོ་གནད་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར152.56བཏང་འཇོག་བྱས་ཏེ། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ107.24ལེགས་གྲུབ་བྱུང་ཡོད།

གཙོ་གནད་ཐོན་ལས་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར139.78བཏང་འཇོག་བྱས་ནས། ལོ་འཁོར་གྱི་བརྒྱ་ཆ101.61 ལེགས་གྲུབ་བྱུང་ཡོད།

དམངས་འཚོ་དང་སྤྱི་ཚོགས་ཀྱི་བྱ་གཞག་ལེགས་བཅོས་བྱས་པའི་ལས་གཞིར་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར15.51བཏང་འཇོག་བྱས་ནས། ལོ་འཁོར་གྱི་བརྒྱ་ཆ66.28 ལེགས་གྲུབ་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞིར་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར7.39བཏང་འཇོག་བྱས་ནས། ལོ་འཁོར་གྱི་བརྒྱ་ཆ88.15 ལེགས་གྲུབ་བྱུང་ཡོད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་སུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་སྤྱི་བདེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།