ལྷ་འཛོམས་ཀྱིས་བསྒྱུར། 2021-11-29
སྤྱི་ཟླ11པའི་ཚེས19ཉིན་ལ་ཁུལ་ཨུས་དམག་དཔུང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རང་ཁུལ་གྱི་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་དང་ཁུལ་དུ་བཅའ་སྡོད་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྙན་ཞུར་ཉན་འཇོག་དང་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམག་ཁུལ་བཅས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་་ལས་དོན་ལ་ཤུགས་སྣོན་སྔ་ལས་ལྷག་པར་རྒྱག་པ་དང་། རང་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དམག་སྲིད་དང་དམག་དམངས་བར་གྱི་བྲག་རྡོ་ལྟ་བུའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་སྲ་རུ་གཏོང་བ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་གཉིས་བཀུར་མཉམ་སྐྲུན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་གསུངས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུར་ཞུགས་ཡོད།
གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་ཀྱི་མགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱས་ནས་དམག་ཨུའི་ཀྲུའུ་ཞི་འགན་འཁྲི་ལམ་ལུགས་ཀྱི་གཏན་འབེབས་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་རྒྱག་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ལས་འགན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་།བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ།ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ཀྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱས་ནས“སྲུང་སྐྱོང་གཉིས”དེ་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཡོངས་སུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཅིང་། རིམ་ཁག་ཏང་ཨུས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། མགོ་ཁྲིད་ཉིས་བྱེད་དང་ཏང་ཨུས་དམག་གྲོས་བྱེད་པ། ལས་དོན་བསྒྲུབས་ཚུལ་གསལ་ཞུ་བྱེད་པ། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། དམག་དོན་ཉིན་མོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱ་དགོས་ཤིང་། དམག་དཔུང་ལས་བསྒྱུར་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་སུ་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས། དམག་དོན་འཐབ་རྩོད་ཀྱི་རྒྱལ་སྲུང་སྐུལ་སློང་གི་གྲ་སྒྲིག་ཡག་པོ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་འཚུབ་བསྟུན་དམག་འཐབ་གྲབས་སྦྱོང་ལ་ཤུགས་རྒྱག་པ་དང་། དམག་དཔུང་དང་ས་གནས་ཀྱི་འཚུབ་བསྟུན་སྟོབས་ཤུགས་སྣ་ཚོགས་འཛུགས་སྐྱོང་དང་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡུལ་དམག་གི་སྟོབས་ཤུགས་མ་ལག་སྟོབས་ཆེར་གཏོང་བ། གཞི་རིམ་དྲག་ཆས་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ། འཚུབ་བསྟུན་དམག་འཐབ་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་དམག་བཀུགས་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་བྱ་དགོས།
ཚོགས་འདུའི་ཐོག་རྫོང(གྲོང་ཁྱེར)ཁག་གི་ཏང་ཨུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་དོན་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཞག་སྟེ། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་དགོས། དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམག་ཞབས་ནས་འཐེན་པའི་དམག་མི་བཀོད་སྒྲིག་དང་གཟིགས་སྐྱོང་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་སྒྲུབ་པ་དང་། དམག་ཞབས་ནས་འཐེན་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ། གཉིས་བཀུར་མཉམ་སྐྲུན་ལས་དོན་མུ་མཐུད་དེ་དམ་འཛིན་ཡག་པོ་བྱེད་པ། དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་དམག་དཔུང་དང་ས་གནས་བར་ཁྱིམ་ཚང་གཅིག་ལྟ་བུ་དང་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཟམ་མི་ཆད་པར་བརྩམ་དགོས་ཞེས་བསྟན་པ་རེད།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་དུ་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་མགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10