ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

        2021-11-23

ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

ཧྲང་ཧའེ་སྒྱུ་རྩལ་འགྲེམ་སྟོན་ཁང་དང་ལྟད་མོ་བའི་གྲལ་ཕྲེང་།


     སྐབས་དགུ་པའིART021ཧྲང་ཧའེ་ཉན་ཡས་དེང་དུས་སྒྱུ་རྩལ་དངོས་མང་འགྲེམ་སྟོན་དེ2021ལོའི་སྤྱི་ཟླ11པའི་ཟླ་དཀྱིལ་ནས་ཧྲང་ཧའེ་འགྲེམ་སྟོན་ལྟེ་གནས་སུ་ཉིན་བཞིའི་རིང་ལ་གཟབ་རྒྱས་ངང་བསྡུས།   འཛམ་གླིང་རང་བཞིན་གྱི་འགྲེམ་སྟོན་འདིའི་ནང་དུ་ད་ལོར་གོ་ལའི་ཁྱོན་ཡོངས་ནས་སྒྱུ་རྩལ་རི་མོའི་བར་ཁྱམས་སམ་རིས་ཁྱམས(画廊)134ཞུགས་ཡོད་ཅིང་། ཤང་ཀང་དང་ཨའོ་མོན་སོགས་ཚུད་པའི་ཀྲུང་གོའི་འགྲེམ་སྟོན་རི་མོའི་བར་ཁྱམས94ཡོད་ལ། དེས་འགྲེམ་སྟོན་ཡུལ་ངོས་ཀྱི་བརྒྱ་ཆའི70ཟིན་པ་དང་།   ཕྱི་རྒྱལ་གྱི་སྒྱུ་རྩལ་པའི་འགྲེམ་སྟོན་རི་མོའི་བར་ཁྱམས་ཀྱིས་བརྒྱ་ཆ30ཟིན་ཡོད་ཅིང་ཁྱོན་བསྡོམས་རིས་ཁྱམས40ཡོད་འདུག  ན་ནིངART021དེང་དུས་སྒྱུ་རྩལ་འགྲེམ་སྟོན་དུ་ཞུགས་མཁན་རིས་ཁྱམས115ཡོད་པ་དང་།  དེ་དག་ལས་རིས་ཁྱམས73ད་ལོར་ཡང་ཞུགས་ཡོད་ལ་བསྟུན་མར་འགྲེམ་སྟོན་བྱེད་ཚད་བརྒྱ་ཆའི60ཟིན་ཡོད་པ་རེད།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

ཧྲང་ཧའེ་རྒྱལ་སྤྱིའི་འགྲེམ་སྟོན་ཁང་།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

སྒྱུ་རྩལ་བརྩམས་ཆོས་མྱོང་རོལ་དགྱེས་པའི་སྐུ་མགྲོན་གྱི་འདུ་བ།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

བརྩམས་ཆོས་མྱོང་རོལ་བྱེད་པའི་ཡུལ་དངོས།


     ཀྲུང་གོའི་དེང་དུས་སྒྱུ་རྩལ་གྱི་རིས་ཁྱམས94ཡི་ཁྲོད་དུ་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་སྟེ་བོད་ཀྱི་དེང་དུས་སྒྱུ་རྩལ་གྱི་རིས་ཁྱམས་ཤིག་ཀྱང་ཚུད་ཡོད་འདུག། དེ་ཡང་སྒྱུ་རྩལ་པ་པདྨ་རིག་འཛིན་དང་འཇུ་རབ་གསལ་གཉིས་ཀྱིས་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི2021ལོའི་བརྩམས་ཆོས༼རྟོག་པའི་ཁ་དོག།༽དང༼ཞལ་མཇལ།༽༼ཐར་ལམ།༽སོགས་འགྲེམ་སྟོན་བྱས།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་བརྩམས་ཆོས།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་རིས་ཁྱམས་ཀྱི་རྣམ་པ།


     རེབ་འདི་ནི་ཁོང་གཉིས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམ་སྟོན་ལ་ཞུགས་པ་ཐེངས་གཉིས་པ་དང་མཉམ་འབྲེལ་འགྲེམ་སྟོན་ལ་ཞུགས་པ་ཐེངས་གསུམ་པ་ཡིན་འདུག། 2020པེ་ཅིང་ཡུང་ལུ་གོ་ལ་ཧྲིལ་བོའི་ཐོག་མའི་རྡེག་འཚོང་དུ་ཞུགས་པ་དང་། འདི་ལོའི་ཟླ་སྔོན་མའི་ནང་དུ་ཁྲེང་ཏུའུ་རུ་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་རིག་གནས་དང་སྒྱུ་རྩལ་སློབ་སྟོན་པ་སྤྲུལ་སྐུ་རྒྱ་མཚོ་སོགས་སྒྱུ་རྩལ་པ་བཞིས་ཉིན་བཅུའི་རིང་ལ་དེང་དུས་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམ་སྟོན་ཞིག་ཀྱང་བྱས།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་གི་རྐང་འཛིན་སྒྱུ་རྩལ་པ་འཇུ་རབ་གསལ་དང་པདྨ་རིག་འཛིན།


     དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་ནི་ཤར་ནུབ་སྣ་མང་རིག་གཞུང་ལ་མཁྱེན་སྤྱན་ཡངས་པའི་སྤྲུལ་སྐུ་རྒྱ་མཚོ་ལགས་རིག་གནས་སློབ་སྟོན་དང་གསར་རྩོམ་བློ་འདོན་གྱིས་འདི་ལོར་གསར་དུ་ཚུགས་པའི་སྡེ་ཁག་ཅིག་ཡིན་ཞིང་།  སྒྱུ་རྩལ་ཁང་འདིའི་རྐང་འཛིན་སྒྱུ་རྩལ་པ་འཇུ་རབ་གསལ་དང་པདྨ་རིག་འཛིན་གཉིས་ཀྱིས་བྱས་ཡོད་འདུག།  འདི་ལོའི་ལོ་མཇུག་དུ་ད་རུང་རྒྱལ་ནང་གི་གྲོང་ཁྱེར་འགའ་རེ་ནས་སྒྱུ་རྩལ་འགྲེམ་སྟོན་གྱི་འཆར་གཞི་ཡོད་ཚུལ་དང་།   ཐེངས་འདིར་དེང་དུས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིན་ཏུ་མང་པོར་མྱོང་རོལ་བྱེད་པའི་གོ་སྐབས་དང་འཛམ་གླིང་གི་སྒྱུ་རྩལ་པ་མང་པོར་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་ནས་ས་སྐྱེས་རྡོ་སྐྱེས་ཀྱི་སྒྱུ་རྩལ་པ་ཁོང་གཉིས་ལ་བློ་སྐྱེད་དང་འཆར་སྒོ་གསར་པའི་ཕ་འབབ་ཐོབ་ཚུལ་སོགས་གསར་འགོད་པར་བཤད་བྱུང་།

ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

སྒྱུ་རྩལ་བརྩམས་ཆོས་མྱོང་རོལ་བྱེད་པའི་ཡུལ་དངོས།


ཧྲང་ཧའེ་རྒྱལ་སྤྱིའིART021སྒྱུ་རྩལ་འགྲེམ་སྟོན་ཁྲོད་ན་བོད་མི་གཉིས།

སྒྱུ་རྩལ་པས་བགྲོ་གླེང་གནང་བཞིན་པའི་ཡུལ་དངོས།



གསར་འགོད་པ། ཨོ་རྒྱན།

པར་རིས་མཁོ་འདོན་པ། པདྨ་རིག་འཛིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:གཏམ་བཟང་། ཁྲེང་ཏུའུ་ས་ཁོངས་ཚང་མ་ཉེན་ཁ་ཆུང་ངུ་རེད་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།