སང་ལོ་ནས་བཟུང་དམག་མིའི་བཟའ་ཟླས་སྨན་རིན་སྤྲད་མི་དགོས།

        2021-11-23

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བར་བརྒྱུད། ཉེ་ཆར་ཀྲུང་དབྱང་དམག་ཨུའི་གཞུང་དོན་ཐིང་གིས《དམག་མི་དང་དམག་དཔུང་གི་འབྲེལ་ཡོད་མི་སྣའི་སྨན་བཅོས་ལྟ་སྐྱོང་འགན་སྲུང་གི་གནས་སྐབས་ལག་བསྟར་གཏན་འབེབས》པར་འགྲེམས་བྱས་ཏེ། 2022ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  《གཏན་འབེབས》དེར་ཁྱོན་བསྡོམས་ལེའུ8དང་དོན་ཚན43ཡོད་ཅིང་། སྨན་བཅོས་འགན་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་དང་ཚད་གཞིའི་ཆ་རྐྱེན། འགན་སྲུང་བྱ་ཐབས་སོགས་ཚད་ལྡན་བཟོས་ཡོད།《གཏན་འབེབས》ནང་དམག་མི་དང་དམག་དཔུང་གི་འབྲེལ་ཡོད་མི་སྣས་དམག་དཔུང་གི་སྨན་བཅོས་སྒྲིག་གཞིའི་ནང་སྨན་བཅོས་བྱེད་པའི་ལྟ་སྐྱོང་ཁ་གསལ་བཟོས་པ་དང་། དམག་མིས་དམག་ཁུལ་བརྒལ་ནས་སྨན་པར་བསྟེན་པའི་གནས་ཚུལ་ཞིབ་ཕྲ་དབྱེ་མཚམས་བཅད་ཅིང་། དམག་དཔུང་གི་སྨན་བཅོས་སྒྲིག་གཞི་ལས་ཁུངས་དང་བར་ཐག་རིང་བའི་དམག་མི་དང་དེའི་ནང་མིས་ས་གནས་དེ་གའི་དམག་སྒར་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པའི་འགྲོ་ལམ་ཐོགས་པ་མེད་པར་བཟོས་ཏེ། དམག་མིའི་བཟའ་ཟླས་སྨན་རིན་སྤྲད་མི་དགོས་པར་སྨན་བཅོས་བྱེད་ཆོག་པ་དང་། དམག་དཔོན་དང་དམག་དཔོན་གྱི་ལས་རོགས་ཀྱི་ཕ་མ་དང་བཟའ་ཟླའི་ཕ་མ་བཅས་ལ་དམིགས་བསལ་སྨན་བཅོས་ལྟ་སྐྱོང་བྱ་རྒྱུ་དང་། མུ་མཐུད་ནས་དམག་མི་དང་དམག་མིའི་ལོ་ན་མ་སོན་པའི་བུ་ཕྲུག་གིས་སྨན་རིན་སྤྲད་མི་དགོས་པའི་སྨན་བཅོས་བྱ་ཆོག་པ་ལག་ལེན་བྱེད་ཆོག་པ་བཅས་ཡོང་བར་བྱས་ནས་དམག་མིའི་ལས་རིགས་ལ་བརྩི་བཀུར་གང་ལེགས་བྱེད་པ་མཚོན་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད།
  • ལེ་ཚན་རྗེས་མ།:ར་རྔ་ཁ་ནས་སྤོ་མེས་བར་གྱི་ལྕགས་ལམ་ད་ལོར་ལས་མགོ་འཛུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།