ར་རྔ་ཁ་ནས་སྤོ་མེས་བར་གྱི་ལྕགས་ལམ་ད་ལོར་ལས་མགོ་འཛུགས་རྒྱུ།

ཡེ་མགོན་གྱིས་བསྒྱུར།        2021-11-22

    གསར་འགོད་པས་སྤྱི་ཟླ11པའི་ཚེས20ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་དོན། ཁྲོན་བོད་ལྕགས་ལམ་གྱི་ར་རྔ་ཁ་ནས་སྤོ་མེས་བར་གྱི་ལམ་དུམ་འབབ་ཚུགས་ཀྱི་སྔོན་འགྲོ་ལས་གྲྭའི་སུས་འཇོན་དེ་འགུག་གྱི་ལས་དོན་བདེ་བླགས་ངང་ལེགས་གྲུབ་བྱུང་ནས་ར་རྔ་ཁ་ནས་སྤོ་མེས་བར་གྱི་ཨང་རྟགས་དུམ་བུ་སོ་སོ་ལོ་མཇུག་གི་སྔོན་སྦྲེལ་མཐུད་དུ་ལས་མགོ་འཛུགས་རྒྱུ་རེད། 

     ཉེ་ཆར། ཁྲོན་བོད་ལྕགས་ལམ་གྱི་ར་རྔ་ཁ་ནས་སྤོ་མེས་བར་གྱི་ལམ་དུམ་གྱི་སྔོན་འགྲོ་ལས་གྲྭའི་སུས་འཇོན་དེ་འགུག་གི་ལས་དོན་བདེ་བླགས་ངང་འགྲུབ་པ་རེད། རིག་སྟོབས་འཇོན་ནུས་འཛོམས་པའི་ཨར་ལས་ཁེ་ལས45དང་ལྟ་སྐུལ་དོ་དམ་ཁེ་ལས24སུས་འཇོན་དེ་འགུག་བྱེད་སའི་ནང་ཞུགས་ཡོད། དེའི་ནང་ཨར་ལས་ཁེ་ལས་དང་ལྟ་སྐུལ་དོ་དམ་ཁེ་ལས(མཉམ་འབྲེལ་སྒྲིག་གཞི་འདུས་པ)39ཨར་ལས་ལམ་དུམ17ནང་ཞུགས་ཐུབ་པ་འདི་དག་ད་སྔར་མངོན་བསྒྲགས་བྱེད་བཞིན་ཡོད་པ་རེད། མངོན་བསྒྲགས་བྱེད་མཇུག་བསྒྲིལ་རྗེས། ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་ཨར་ལས་ཁེ་ལས་སྒྲིག་འཛུགས་བྱས་ནས་ལས་ཡུལ་དངོས་སུ་འཇུག་རྒྱུ་ཡིན་པ་རེད། 

    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཁྲོན་བོད་ལྕགས་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2020ལོ་སྤྱི་ཟླ11པར་སྔོན་འགྲོ་ལས་མགོ་བཙུགས་པའི"ཕུ་ལམ་གཉིས་དང་ཟམ་པ་གཅིག"(གསེར་སྐྱེམས་ལའི་ཕུག་ལམ། དར་མདོའི་ཕུག་ལམ་གཉིས་པ། རྒྱལ་མོ་རྔུལ་ཆུའི་ཆེས་ཆེ་བའི་ཟམ་པ)གི་ཨར་ལས་དང2021ལོའི་སྤྱི་ཟླ3པར་ལས་མགོ་བཙུགས་པའི་གཡག་རྔ་ནས་ར་རྔ་ཁའི་བར། སྤོ་མེས་ནས་ཉིང་ཁྲི་བར་གྱི་ཨར་ལས་བྱ་ཡུལ18དེ་སྤུས་དག་ཅིང་ལས་ཆོད་མཐོན་པོས་ཨར་ལས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པར་བརྟེན། ལས་གྲྭ་སོ་སོའི་འཕེལ་རིམ་བདེ་བླགས་ཡིན་པས་ཨར་ལས་རྒྱག་པའི་རྣམ་པ་དང་དཔེ་སྟོན་གྱི་ལས་ཆོད་ཡག་པོ་ཆགས་པ་རེད། 

    ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དུམ་བུའི་གསར་སྐྲུན་བྱས་པའི་ལྕགས་ལམ་འདི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་འབབ་ཚུགས་ནས་མགོ་བཙུགས་ཏེ། ཉིང་ཁྲི་ནས་ལྷ་སའི་བར་གྱི་ལྕགས་ལམ་འབབ་ཚུགས་ལ་སྦྲེལ་མཐུད་བྱས་མཐར། རིང་ཚད་བསྡོམས་འབོར་སྤྱི་ལེ1018ཡོད་པ་རེད། དེའི་ནང་ད་ཐེངས་སུས་འཇོན་དེ་འགུག་གྲུབ་པའི་ར་རྔ་ཁ་ནས་སྤོ་མེས་བར་གྱི་ལྕགས་ལམ་དུམ་བུའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་དེ་བཞིན་དུ་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་མངའ་ཁོངས་སུ་སྤྱི་ལེ681ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སློབ་སྦྱོང་གི་འབྲས་བུ་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་འདིའི་ཐོག་ནན་གསུང་འདི་ལྟར་གནང་།
  • དོ་སྣང་ཆེ་བའི་རྩོམ།