དབྱི་པིན་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-11-29

དབྱི་པིན་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ11པའི་ཚེས18ནས་19ཉིན་གྱི་བར། དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་མགོ་འཛིན་ཧྥང་ཁྲུན་ཧའོ་ཡིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་བྱས་ནས་རང་ཁུལ་གྱི་ཉག་ཆུ་དང་ཉག་རོང་སོགས་ཀྱི་ས་ཁུལ་དུ་ཁ་གཏད་རོགས་སྐྱོར་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་བྱས་པ་དང་། དབྱི་པིན་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཁུལ་ཨའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་ཨའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་འབྲེལ་ཡོད་བྱེད་སྒོར་ཞུགས་པར་མ་ཟད། བཞུགས་མོ་ཚོགས་འདུའི་ནང་ཞུགས་པ་རེད།

ཧྲེན་དབྱང་གིས་ཧྥང་ཁྲུན་ཧའོ་དང་བཅས་པ་རང་ཁུལ་དུ་ཕེབས་པར་སྤྲོ་སེམས་འཕེལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ནི་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ་། སྔོན་ལ་ཕྱུག་པོར་འགྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་དང་ཐུན་མོང་ཐོག་ཕྱུག་པོར་འགྱུར་ཐབས་གལ་ཆེན་ཞིག་ཡིན་པ་རེད་ཅེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:2021ལོ་འཁོར་གྱི་ཁུལ་ཨུའི་དམག་དོན་འཕེལ་རྒྱས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་།
  • དོ་སྣང་ཆེ་བའི་རྩོམ།