དཀར་མཛེས་ཁུལ་ཞིང་སྡེའི་ཚོང་དོན་དངུལ་ཁང་གིས“སི་ཁྲོན་དར་རྒྱས་ཡིད་རྟོན་བྱང་བུ”ཐོག་མ་འགྲེམས་སྤེལ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2021-12-01

སྤྱི་ཟླ11པའི་ཚེས27ཉིན། དཀར་མཛེས་ཁུལ་ཞིང་སྡེའི་ཚོང་དོན་དངུལ་ཁང་གིས་སྒོ་བྱང་བཀལ་ནས་ཚོང་གཉེར་བྱས་ཏེ་ལོ་གཅིག་ལོན་པའི་སྐབས་འདིར“སི་ཁྲོན་དར་རྒྱས་ཡིད་རྟོན་བྱང་བུ”ཐོག་མ་འགྲེམས་སྤེལ་བྱས་པ་རེད། དེ་ནི་དཀར་མཛེས་ཁུལ་རང་ཡུལ་དུ་ཚོང་དོན་དངུལ་ཁང་གིས་ཡིད་རྟོན་བྱང་བུ་ཐོག་མ་འགྲེམ་སྤེལ་བྱས་པ་དང་དཀར་མཛེས་ཁུལ་དུ་དངུལ་རྩའི་ཡིད་རྟོན་བྱང་བུ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། དཀར་མཛེས་ཁུལ་གྱི་མང་ཚོགས་ལ་དངུལ་རྩའི་ཞབས་ཞུ་སྔར་ལས་ཕུན་སུམ་ཚོགས་པ་དང་སྟབས་བདེ་འདོན་སྤྲོད་བྱ་རྒྱུ་རེད།

དཀར་མཛེས་ཁུལ་ཞིང་སྡེའི་ཚོང་དོན་དངུལ་ཁང་ནི་ཐོག་མ་དཀར་མཛེས་ཁུལ་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་གི་རྨང་གཞིའི་ཐོག་ལམ་ལུགས་བཅོས་བསྒྱུར་དང་སྒྲིག་འཛུགས་བྱས་ཏེ། 1954ལོར་བཙུགས་པ་ནས་བཟུང་། ཡིད་རྟོན་མཉམ་ལས་ཁང་བརྒྱུད་དེ་རྫོང་རིམ་པའི་ཁྲིམས་མིའི་མཉམ་འབྲེལ་ཁང་དང་ཁུལ་རིམ་པའི་ཁྲིམས་མིའི་མཉམ་འབྲེལ་ཁང་། ཡང་བསྐྱར་ཞིང་ལས་ཚོང་དོན་དངུལ་ཁང་གི་ལོ་རྒྱུས་འཕེལ་རིམ་བརྒྱུད་དེ། ཐོག་མཐའ་བར་གསུམ་དུ་ཞིང་གསུམ་དང་དམངས་འཚོར་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བཞིན་ཡོད་པ་དང་།ཡོངས་ཕན་དངུལ་རྩའི་འདུ་ཤེས་ལག་ལེན་བསྟར་ནས་སི་ཁྲོན་ཞིང་སྡེའི་ཡིད་རྟོན་དངུལ་ཁང་དང་སི་ཁྲོན་མི་དམངས་རང་ཉིད་ཀྱི་དངུལ་ཁང་བསྐྲུན་རྒྱུ་དེ་ནི་དཀར་མཛེས་ཁུལ་གྱི་ལས་གཉེར་དྲྭ་ཚུགས་མང་ཤོས་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཞབས་འདེགས་ཞུ་ཁྱོན་རྒྱ་ཆེ་ཤོས། ཞིང་འབྲོག་མང་ཚོགས་དང་འབྲེལ་བ་བྱེད་རྒྱ་ཆེ་ཤོས། ཁྲལ་འཇལ་ལེགས་སྐྱེས་འབུལ་མང་ཤོས་བཅས་ཀྱི་དངལ་རྩའི་སྒྲིག་གཞི་ཞིག་ཡིན་ལ། ཞིང་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ཞིང་སྡེའི་དངུལ་རྩའི་གཙོ་ཤུགས་དངུལ་ཁང་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ས་གནས་དངུལ་རྩའི་གཙོ་ཤུགས་དངུལ་ཁང་། ཀུན་ཕན་དངུལ་རྩ་བཅས་ཀྱི་གཙོ་ཤུགས་དངུལ་ཁང་ཡང་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཏོག་གསར་འགྱུར་དུག་ཏེ་ཨེར་ཐ་དང་དེ་འགོག་ཐབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།