ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསལ་འདེབས་གསར་ཤོས།

ཨ་ཐུབ་ཀྱིས་བསྒྱུར།        2021-11-30

   ཉེ་ཆར། ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ་བཅས་ས་གནས་དུ་མར་ས་གནས་རང་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་བྱུང་ཡོད། སྤྱི་ཟླ11པའི་ཚེས27ཉིན་ལ། ནང་སོག་གནའ་བོའི་མན་ཇུ་ལི་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ3བྱུང་ཡོད། རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་བསྐྱར་དུ་ལོག་པ་སྔོན་འགོག་བྱ་རྒྱུའི་འགོག་ཟོན་བླང་བྱ་དམ་ནན་དོན་འཁྱོལ་བྱས་ཏེ། རིམས་ནད་ཁྱབ་མཆེད་ཀྱི་ཉེན་ཁ་ཚོད་འཛིན་དང་ཇེ་ཆུང་དུ་གང་ལེགས་གཏོང་བའི་ཆེད་དུ། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དཀར་མཛེས་ཁུལ་རིམས་ནད་འགོག་ཟོན་ལྟེ་གནས་ཀྱིས་ཁྱེད་ལ་གསལ་འདེབས་འདི་ལྟར་བྱ་རྒྱུ་སྟེ།

   1.དུས་ཐོག་ཏུ་ས་གནས་ཁག་གི་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གསར་ཐོན་ནད་པའི་འགྲོ་འདུག་ཉལ་འཆག་གི་གནས་ཚུལ་ལ་དོ་ཁུར་བྱེད་པ་དང་། འབྲེལ་ཡོད་ནད་པ་དང་ཡུལ་དུས་ཀྱི་འདུ་འཛོམས་བྱུང་ཡོད་མཁན་ཡིན་ཞིང་། ལྷག་པར་དུ་གཤམ་གྱི་ས་གནས་ཁག་ཏུ་འགྲུལ་སྡོད་ཀྱི་ལོ་རྒྱུས་ཡོད་པའི་ཁུལ་དུ་ཡོང་མཁན་དང་ཡང་ན་ཕྱིར་ལོག་མཁན་ཡིན་ན། ངེས་པར་དུ་དུས་ཚོད་དེ་ཉིད་ནས་མ་བསྐུལ་དང་ལེན་གྱིས་སྤྱི་ཁུལ་དང་གཞིས་མི་དང་གྲོང་མི་ཨུ་ལྷན།ལས་ཁུངས། ཡང་ན་འགྲུལ་ཞུགས་འགྲུལ་ཁང་བཅས་སུ་འགྲུལ་སྡོད་ལོ་རྒྱུས་ཐོ་འགོད་སྙན་སེང་ཞུས་ཏེ། འབྲེལ་ཡོད་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་པར་རམ་འདེགས་བྱ་དགོས།

   སྤྱི་ཟླ11པའི་ཚེས14ཉིན་ནས་བཟུང་། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལོན་པེ་ཨེར་གྲོང་ཁྱེར། སྤྱི་ཟླ11པའི་ཚེས15ཉིན་ནས་བཟུང་།ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་གྲོང་གསར་དང་། ཆིང་ཕུའུ་ཁུལ། སྤྱི་ཟླ11པའི་ཚེས19ཉིན་ནས་བཟུང་།ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར། སྤྱི་ཟླ11པའི་ཚེས21ཉིན་ནས་བཟུང་།ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར།

སྤྱི་ཟླ11པའི་ཚེས22ཉིན་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར།

   ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར། ཁུལ། དེ་བཞིན་ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ཁྲོམ་ལམ་ནས་རང་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣ་ཡིན་ན།ཁྱིམ་ནས་སྡོད་པ་དང་ཡང་ན་གཅིག་བསྡུས་ངང་ལོགས་སུ་བཀར་བ་དང་། ཉིན་གསུམ་རེར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་དེ་འགྲུལ་སྡོད་ས་གནས་ནས་ཕྱིར་མ་ལོག་སྔོན་གྱི་ཉིན14བར་དུ་བྱ་དགོས།

   ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གྱི་ས་གནས་རིམ་པའི་གྲོང་ཁྱེར་དང་། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ནས་རང་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣ་ཡིན་ན།ཉིན་གསུམ་གྱི་ནང་དུ་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱས་རྗེས།ནད་དུག་མེད་པ་ཡིན་ན་སྤྱི་ཁུལ་གྱི་དོ་དམ་བྱེད་ཁོངས་སུ་བཙུད་དེ། འགྲུལ་སྡོད་ས་གནས་ནས་ཕྱིར་མ་ལོག་སྔོན་གྱི་ཉིན14བར་དུ་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་དགོས།

   ས་གནས་དེ་གའི་ཏོག་གསར་ནད་པ་ཡོད་པ་དང་ནད་རྟགས་མེད་པའི་ནད་པ་ཡོད་པ་བརྡ་ཁྱབ་བྱས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ནས་རང་ཁུལ་དུ་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་མི་སྣ་ཡིན་ན། ཆུ་ཚོད48རིང་གི་ཉིང་སྐྱུར་ཞིབ་བཤེར་གྱི་སྙན་སེང་ལ་ལྟ་ཞིབ་བྱ་དགོས།

   ཟུར་མཆན ས་གནས་དེ་གའི་ཏོག་གསར་ནད་པ་ཡོད་པ་བརྡ་ཁྱབ་བྱས་ཤིང་གནས་སྐབས་སུ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གཏན་འཁེལ་བྱས་མེད་པ་དང་། དེ་བཞིན་རིམས་ཚུལ་གྱི་ཉེན་ཁ་ཅུང་ཆེ་བའི་ས་གནས་ནས་ཡོང་མཁན་དང་ཕྱིར་ལོག་མཁན་གྱི་འབྲེལ་ཡོད་མི་སྣ་ཡིན་ན་གོང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་གཏན་འབེབས་ལྟར་ལག་ལེན་བྱ་དགོས།

   2. ནམ་རྒྱུན་ལག་པ་རྒྱུན་དུ་འཁྲུད་པ་དང་།ཁ་ཤུབས་རྒྱག་པ། མཁའ་རླུང་ཡངས་པོར་བཟོ་བ།བར་ཐག་སྨི་གཅིག་བཞག་པ་བཅས་རིམས་འགོག་ཐབས་མཆོག་བཞི་རྒྱུན་འཁྱོངས་བྱ་དགོས་པ་དང་། དེ་བཞིན་ཚ་བ་རྒྱག་པ་དང་། སྐམ་ལུ་བྱེད་པ། ཤུགས་མེད་པ། སྣ་དབང་དང་ལྕེ་དབང་ཉམས་པ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་རྗེས། དུས་ཐོག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པའི་ཁར།  སྨན་པ་ལ་འགྲུལ་སྡོད་ལོ་རྒྱུས་གསལ་པོ་བཤད་དགོས་ལ། ལམ་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁ་ཤུབས་རྒྱག་པ་དང་། སྤྱི་འགྲུལ་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་རྒྱུ་མེད།

   3. མི་མང་འདུ་འཛོམས་བྱེད་སར་འགྲོ་བའི་ཚེ་ལས་སྒྲུབ་མི་སྣ་ལ་རམ་འདེགས་བྱས་ཏེ་ལུས་དྲོད་བརྟག་པ་དང་བདེ་ཐང་ཨང་རྟགས་བསྟན་བཤེར་བྱ་དགོས་ལ།ལས་སྒྲུབ་མི་སྣས་དོ་དམ་བྱེད་པར་ཁ་ཉན་དགོས།

   4. འཛེམ་བྱ་མེད་པའི་མི་ཚོགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཆ་ཚང་རྒྱག་རོགས། ཆ་རྐྱེན་འཛོམས་པའི་མི་ཚོགས་ཀྱིས་རྗེས་སྣོན་རིམས་འགོག་སྨན་ཁབ་རྒྱག་དགོས།

  • ལེ་ཚན་སྔོན་མ།:ཧྲན་དབྱང་གིས་འདབ་པ་དང་ལི་ཐང་སོགས་སུ་སྒྲོག་འགྲེལ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།