ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ།

        2021-12-02

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ།

     ཏང་གི་འཐུས་མི་ཚོགས་ཆེན་ཞེས་པ་ནི་ཀྲུང་གོར་མཚོན་ན་ཀྲུང་གོ་གུང་ཁྲན་ཏང་གི་ཏང་མིའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་མིའི་ས་གནས་རིམ་པ་ཁག་གི་འཐུས་མི་ཚོགས་ཆེན་ལ་ཟེར་བ་རེད། དེ་ནི་ཏང་མིས་ཆབ་སྲིད་ཀྱི་ཁེ་དབང་ཁག་བེད་སྤྱོད་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་བྱེད་སྒོའི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ནི1921ལོའི་ཟླ་བ7པའི་ཚེས23ཉིན་གྱི་དགོང་མོར་ཧྲང་ཧའེ་ཡི་ཧྥ་རན་སིའི་བཙན་གཡར་ས་ཆའི་ཝང་ཀྲི་ལམ་ཨང106པར་འཚོགས་ཤིང་འཐུས་མི13ཡོད།

     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོས་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་ཡོད། དུས་དེ་ནས་བཟུང་། གནའ་བོའི་རྗེས་ལུས་ཀྱི་ཀྲུང་གོར་རྣམ་པ་གསར་པ་ཅན་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་བྱ་སྤྱོད་ཀྱི་ཕྱོགས་སྟོན་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བར་འབད་བརྩོན་གྱི་དམིགས་ཡུལ་འཛིན་པའི་གཅིག་གྱུར་གྱི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་བྱུང་བ་དང་། དེ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་རན་ཡོད།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་དུ་ཁྱིམ་མཚེས་བར་ལ་གྱོད་དོན་འདི་འདྲ་ཞིག་བྱུང་།
  • དོ་སྣང་ཆེ་བའི་རྩོམ།