ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

ཐུབ་ཀྱིས་བསྒྱུར།        2021-12-03

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

(2021ལོའི་ཟླ་བ12ཚེས2ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་ཡོད།)

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།
2021ལོའི་ཟླ་བ12ཚེས1ནས་ཚེས2ཉིན་བར་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

   ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་ཨུ་ཡོན83དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན4ཞུགས་ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་། ཆེད་རམས་པ་དང་མཁས་དབང་།འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་བཅས་ཀྱང་ཚོགས་འདུར་ཟུར་ཞུགས་གནང་བ་རེད།


   ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བ་རེད།

 

   ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་བློ་རྩ་བརྟན་པོར་བྱེད་ཅིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་ལ་ཉན་འཇོག་དང་གྲོས་བསྡུར་བྱས།《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཆོད་དོན་》དང་《ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུས་སྣེ་ཁྲིད་བྱས་ནས་འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ལྡན་པའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཆོད་དོན་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།《ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་སྐོང་འཚོག་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཕེང་ཆིང་ཧྭ་ཡིས《ཆོད་དོན་(གྲོས་བསྡུར་མ་ཟིན་)》གཉིས་ཀྱི་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།


   ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ང་ཚོའི་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་དང་། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩར་སླེབས་སྐབས་སྐོང་འཚོགས་བྱས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་《ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་》ཀྱི་ནང་དུ། ཏང་གིས་བརྒྱུད་མྱོང་བའི་ལོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་ལ་ཕྱི་མིག་བལྟས་ཤིང་། ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད་ཅིང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་གཙོ་གནད་དུ་བཟུང་ནས་རྒྱས་བཤད་བྱས་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་ཐད་བླང་བྱ་གསལ་པོར་བཏོན་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། འབྱུང་འགྱུར་གསར་དུ་གཏོད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལོན་པ་དང་ཁོང་དུ་ཆུད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པའི་ཐད་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཐད་བླང་བྱ་གལ་ཆེན་བཏོན་གནང་བ་དང་།གཟིགས་རྒྱང་རིང་ཞིང་དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ང་ཚོས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ་ལེའུ་གསར་པ་མུ་མཐུད་དེ་བརྩམ་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ནང་དོན་གཙོ་བོ་དང་སྙིང་དོན་ཕུན་སུམ་ཚོགས་པ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱ་དགོས་ཤིང་།ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན། དེ་བཞིན་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བ་དང་། ལྷག་པར་དུ་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་ལྡན་པའི་དོན་སྙིང་དང་“གསལ་པོ་བཅུ་”ཡི་གཙོ་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ་དང་“མཐའ་འཁྱོངས་བཅུ་”ཡི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་བྱེད་པ།ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ལས་འགན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དེའི་ཁྲོད་ནས་རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་སྟོང་གི་བྱ་གཞག་རླབས་པོ་ཆེར་སེམས་བསྐྱེད་ནས་འགན་འཁྲི་རྩ་འཁུར་བྱེད་པ་རྒྱུན་ཆད་མེད་པར་མྱོང་ཚོར་ཐུབ་པ་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱེད་པའི་ཁྲོད་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་འགག་སྒྲོལ་དཀའ་སེལ་དང་གསར་གཏོད་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

 

   ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་ཁས་ལེན་གང་ལེགས་བྱས་ཡོད། ངོས་འཛིན་གཅིག་མཐུན་བྱུང་དོན། ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་དང་རིམས་ནད་དང་གནོད་སྐྱོན་གྱི་ཤུགས་རྐྱེན་ཐེབས་པའི་མདུན་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”མགོ་འཛུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་ལས་འགན་ལྕི་པོ་ལ་འཕྲད་པའི་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཞིང་།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་།འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་མཐར་ཕྱིན་བསྟར་ཞིང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་། ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ། གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་འབྲེལ་མཐུད་གོ་ཆོད་པོ་བྱེད་པ། ཡུལ་ཤོག་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དབྱེ་འབྱེད་དང་གྲོང་སྡེ་རིམ་པའི་སྒྲིག་འཛུགས་ལེགས་སྒྲིག་བཅོས་བསྒྱུར་གྱི་རྗེས་མཐུད་ལས་དོན་སོགས་དོན་ཆེན་འགངས་ཆེན་དམ་འཛིན་ཡག་པོ་བྱས་ཡོད། དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་ཅིང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲལ་དུ་བསླེབས་པ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་ཞིང་། མ་སྐུལ་དང་ལེན་ངང་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཧུར་ཐག་ཞུགས་པ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་ལས་ཀར་ཤུགས་རྒྱག་པ། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོའི་སྐྱིད་སྣང་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་སི་ཁྲོན་འཛུགས་སྐྲུན་བྱེད་པ།  ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་གལ་ཆེན་བྱུང་ཡོད།

 

   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་འགག་རྩ་ནི་ང་ཚོས་སྒྲུབ་བཞིན་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་པ་སྤོས་པ་དང་དུས་རབས་གསར་པར་བྱས་རྗེས་གཞག་རྒྱུ་དེ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ།རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་རྒྱུད་རིམ་ལྡན་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་ངང་བསམ་བློའི་སྙིང་བཅུད་ལོན་ཞིང་། བརྩེ་སེམས་བཅངས་ནས་དངོས་དོན་སྒྲུབ་པ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་ཁྲིད་སྟོན་བྱས་པར་བརྟེན། ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱ་རྒྱུས་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཐེངས་འདིའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱ་རྒྱུས་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་ཞིབ་འཇུག་བྱེད་པར་མ་ཟད་ཆོད་དོན་ཡང་བཏོན་ཡོད་པ་དེ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཡིན་ཞིང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྔར་བས་སྟངས་འཛིན་ཡག་པོ་བྱས་ནས་བསམ་བློའི་བྱ་སྤྱོད་སྔར་བས་གཅིག་གྱུར་དང་མདུན་སྐྱོད་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བའི་ཐད་ཡིན་ན་འདྲ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཐད་ཡིན་ནའང་འདྲ།“ཉམས་སད་ཆེན་པོ་བཞི་”ལ་དཔའ་ངར་ཆེན་པོས་ཁ་གཏད་འཇལ་བ་དང་།“ཉེན་ཁ་རིགས་བཞི་”ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱས་ཏེ། དུས་རབས་གསར་པར་ཏང་ལེགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་དེ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་སྔར་བས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་གང་ཐུབ་བྱེད་པའི་ཐད་ཡིན་ནའང་འདྲ།ཚང་མ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཞིང་ཆེན་ཡོངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཧུར་ཐག་སྤར་བ་དང་།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱ་རྒྱུས་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་དོན་དང་གཙོ་རྐང་། གཙོ་རྒྱུན་གྱི་ངོ་བོ་ཁོང་དུ་ཡང་དག་པ་ཆུད་པར་བྱེད་ཅིང་། སྔར་ལྷག་གིས་ལོ་རྒྱུས་སྦྱངས་ན་གནས་ལུགས་གསལ་བ་དང་། ལོ་རྒྱུས་སྦྱངས་ན་གདེང་ཚོད་འཕེལ། ལོ་རྒྱུས་སྦྱངས་ན་སྤྱོད་བཟང་བཀུར། ལོ་རྒྱུས་སྦྱངས་ན་ཧུར་བརྩོན་སྐྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པ་བྱ་དགོས།


   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་རྒྱུས་སྦྱངས་ན་གནས་ལུགས་གསལ་བ་ཟབ་སྤེལ་གཏང་རྒྱུར་དམིགས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་མི་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་རྒྱུ་བློ་རྩ་བརྟན་པོ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི《གྲོས་ཆོད》སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་ནས།ལོ་རྒྱུས་ཀྱི་གདེང་ཚོད་ཇེ་ཆེར་དང་“ལོ་རྒྱུས་བཞིའི”སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་མངོན་གསལ་དོད་པོ་ཡོང་བ་བྱེད་ཅིང་། མར་ཁེ་སི་རིང་ལུགས་ལ་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་དགོས། ལོ་རྒྱུས་སྦྱངས་ན་གདེང་ཚོད་འཕེལ་བ་ཡང་བསྐྱར་སྦྱོང་བརྡར་བྱ་རྒྱུར་དམིགས་ཏེ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་དགོས། ཏང་གི་ཆབ་སྲིད་ལེགས་སྐྱོང་ལ་ཤུགས་རྒྱག་རྒྱུ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་ཞིང་། རྒྱུན་གཏན་རང་བཞིན་གྱི་ཆབ་སྲིད་ཉམས་ཞིབ་བྱེད་པ་དང་། སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་ཞིང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ་དང་། ཏང་མི་ལས་བྱེད་པས“གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྟངས་འཛིན་གང་ལེགས་བྱ་རྒྱུ་སྣེ་ཁྲིད་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་དགོས། ལོ་རྒྱུས་སྦྱངས་ན་སྤྱོད་བཟང་བཀུར་བ་སླར་ཡང་ཇེ་ལེགས་སུ་ཡོང་བ་བྱས་ཏེ། གསར་བརྗེའི་ཁྲག་རྒྱུན་དེ་བས་ཡག་པོ་སྐྱོང་བ་དང་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱ་དགོས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེས་འབྱུང་རྩ་བྱས་པའི་བསམ་པའི་རྒྱུད་ཁོངས་ཁྲོད་ནས་བསམ་པའི་འཚོ་བཅུད་བསྡུ་ལེན་བྱ་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པ་ལ་དམིགས་ནས་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་སྐྱོང་རྐང་འཛིན་པའི་དཔུང་ཁག་སྐྲུན་པ། རང་ངོས་གསར་བརྗེ་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཏང་མི་ལས་བྱེད་པའི་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱ་དགོས། ལོ་རྒྱུས་སྦྱངས་ན་ཧུར་བརྩོན་སྐྱེད་དེ་ཡང་བསྐྱར་རྡོག་ཐོན་བྱེད་པར་གཞི་ཚུགས་ནས། འགན་འཁྲི་ཕྲག་ཏུ་ཁུར་ཕོད་པ་བློ་རྩ་བརྟན་པོ་དང་འབད་འཐབ་ཀྱི་ཉམས་འགྱུར་མཐའ་གཅིག་ཏུ་སྲུང་འཛིན་བྱ་དགོས། ཏང་མི་ལས་བྱེད་པས་རང་འགན་འཁྲི་སྒྲུབ་དང་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་སྐུལ་མ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་དེ་བས་འབད་འབུངས་ཡར་བརྩོན་བྱེད་པ་བཅས་ཀྱིས་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས།


   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ནི་དེང་སྐབས་ཀྱི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁྱད་ཆོས་མངོན་གསལ་ཞིག་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་སྟངས་འཛིན་དང་མཐོ་སར་ལངས་ནས་ཕུགས་ཇུས་འདིང་བ་དང་།འབྱུང་འཕྲོད་འཕེལ་རྒྱས་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ2030ལོའི་གོང་ཐཱན་ཚད་ལོན་པ་དང2060ལོའི་གོང་ཐཱན་སྙོམས་འགྱུར་ཡོང་བའི་འཐབ་ཇུས་གལ་ཆེན་བཏོན་གནང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་འབྱུང་འཕྲོད་ཀྱི་ཕྱོགས་སུ་སྒྱུར་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྤུས་ལེགས་དྭངས་གཙང་ནུས་ཁུངས་རྟེན་གཞི་དང་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཀྱི་དངོས་ཡོད་རྨང་གཞི་དང་ཡངས་ཤིང་རྒྱ་ཆེ་བའི་བར་ཁོངས་ལྡན་ཡོད། སྐབས་བསྟུན་འཕྲལ་སྒྲུབ་ཀྱིས་འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་རྒྱལ་ཁབ་ཀྱི་ཐཱན་ཚད་ལོན་པ་དང་ཐཱན་སྙོམས་འགྱུར་ཡོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་བ་དང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་འགན་འཁྲི་གསར་པ་ཁུར་ཕོད་པ་མཚོན་པའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ནང་དངོས་སུ་འདྲེས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་སྤར་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་ལ། འབྱུང་འཕྲོད་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་བའི་གོ་སྐབས་ཧུར་ཐག་ངང་དམ་འཛིན་དང་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་མ་སྐུལ་དང་ལེན་གྱི་གདམ་ག་ཞིག་དེ་བས་ཡིན་ཞིང་། རང་ངོས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་དང་ས་ཁོངས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པའི་དངོས་ཡོད་དགོས་མཁོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་བསྐྲུན་རྒྱུར་འདེགས་སྐྱོར་བརྟན་པོ་ཞིག་ཀྱང་མཁོ་འདོན་ཐུབ་ངེས་རེད། ཐཱན་ཚད་ལོན་པ་དང་ཐཱན་སྙོམས་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་དམིགས་ནས། ནུས་ཁུངས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཀྱིས་གནད་འགག་ཏུ་བྱས་ཏེ། ནུས་ཁུངས་གཙང་མའི་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བའི་གཙོ་ཤུགས་ཁ་ཕྱོགས་སྟངས་འཛིན་ལྷོད་མེད་བྱེད་པ་དང་། སྟོབས་ཤུགས་བསྡུས་ནས་ནུས་ཁུངས་གཙང་མའི་ཐོན་ལས་དང་ནུས་ཁུངས་གཙང་མའི་འདེགས་སྐྱོར་ཐོན་ལས། ནུས་ཁུངས་གཙང་མའི་ཉེར་སྤྱོད་ཐོན་ལས་བཅས་འཕེལ་རྒྱས་གཏོང་ཞིང་།ནུས་ཁུངས་གྲུབ་ཚུལ་དང་ཐོན་ལས་གྲུབ་ཚུལ་འཐབ་ཇུས་རང་བཞིན་ལྡན་པའི་ལེགས་སྒྱུར་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་འབྱུང་འཕྲོད་ཅན་དུ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ།སི་ཁྲོན་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་འབྱུང་འཕྲོད་ཐཱན་ཉུང་ལག་རྩལ་གསར་གཏོད་འབྱུང་གནས་དང་།འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཐོན་ལས་གཅིག་སྡུད་ནུས་ཐེག་ཁུལ། ཐཱན་ཚད་ལོན་པ་དང་ཐཱན་སྙོམས་འགྱུར་ཡོང་བའི་དམིགས་འབེན་གྱི་འཐབ་ཇུས་འདེགས་སྐྱོར་ཁུལ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་བཅས་སུ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ།རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་སི་ཁྲོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།


   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དྭངས་གཙང་ནུས་ཁུངས་ཐོན་ལས་སྤུས་ལེགས་དང་སྟོབས་ཆེར་གཏོང་བ་དང་། ཆུ་རླུང་འོད་གསུམ་གྱི་ནུས་མང་གསབ་རེས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་།གཞི་ཁྱོན་ཅན་གྱི་རང་བྱུང་སོལ་རླངས་གསར་སྤེལ་བེད་སྤྱོད་གཏོང་བ་དང་། རིགས་མང་གི་དྭངས་གཙང་ནུས་ཁུངས་གོ་སྒྲིག་ལྡན་པའི་ངང་གསར་སྤེལ་བྱེད་ཅིང་།བརྟན་ཐོག་མཁོ་སྤྲོད་འགན་ལེན་དང་། མཉམ་ལས་དང་ཕན་ཚུན་གསབ་རེས། རང་ངོས་སྙོམས་སྒྲིག་བཅས་ཀྱི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ་བཅས་བྱ་དགོས།ནུས་ཁུངས་གཙང་མའི་འདེགས་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་།སྭེལ་ཤེལ་འོད་ཤུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་ཁུངས་སྒྲིག་ཆས་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ།སྣ་མང་མཐུན་སྦྱོར་གྱི་ནུས་ཁུངས་གསོག་འཇོག་མ་ལག་འཛུགས་པ། ནུས་ཁུངས་གཙང་མ་འདྲེན་སྦྱོར་མ་ལག་འཐུས་ཚང་དུ་བཏང་སྟེ་ནུས་ཁུངས་གཙང་མའི་ཐོན་སྐྱེད་དང་འདྲེན་སྦྱོར།མཁོ་སྤྲོད་བཅས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་བྱ་དགོས། ནུས་ཁུངས་གཙང་མ་ཉེར་སྤྱོད་བྱེད་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སྒུལ་ཤུགས་གློག་རྫས་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་ཞིང་། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཀྱི་རིམ་པ་སྤར་བ་དང་། གཞི་གྲངས་ཆེན་པོའི་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་གཏོང་བ། ཝན་ཐེ་ཐོན་ཁུངས་ཕྱོགས་བསྡུས་ཐོན་འབྱེད་དང་བེད་སྤྱོད་ཟབ་ཏུ་སྤེལ་བ།ནུས་ཁུངས་གཙང་མ་རང་སར་གཞན་སྒྱུར་ཡོང་བ་དང་རིན་ཐང་ཆེ་རུ་མངོན་པ་བཅས་བྱ་དགོས།འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བརྟེན་གསར་གཏོད་དང་ལག་རྩལ་ནང་འདྲེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། མཉམ་ལས་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་གནད་ལས་སྒྲོལ་བ།ལག་རྩལ་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་གཞི་གྲངས་ལ་ནུས་པ་མགྱོགས་སུ་སྤྲོད་པ། འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཐོན་ལས་དང་ལེ་ལག་ཚང་བའི་ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་གཏང་དགོས།འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཤིང་། གཙོ་གནད་ས་ཁོངས་གཅིག་སྡུད་བཀོད་སྒྲིག་དང་ཁྱད་ལྡན་གླིང་ཁུལ་ལེགས་བསྡུས་གོང་འཕེལ།ལེགས་ཆའི་ཁེ་ལས་གཅིག་སྡུད་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་ཞིང་།འབྱུང་འཕྲོད་ཐཱན་ཉུང་ཚད་གཞི་ཅན་དང་ཟོང་རྟགས་གྲགས་ཅན་སྐྲུན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཤུགས་དང་གཞི་ཁྱོན་གྱི་ཕན་འབྲས་ཆེ་རུ་གཏང་དགོས།ཁྲོམ་ར་ཅན་གྱི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།ས་ཁོངས་མཉམ་ལས་དང་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། འབྱུང་འཕྲོད་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ།སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་མ་ལག་དང་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཐོན་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།


   ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ནི་ད་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ཀྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་མཁན་དང་“སྲུང་སྐྱོང་གཉིས་”བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་མཁན་བྱེད་པ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་།ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པ། བློ་རིག་གི་སྟོབས་ཤུགས་བསྡུ་ལེན་བྱེད་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ།ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་རྩ་བ་བརྟན་པོ་ཚུགས་པ་དང་གྲུབ་འབྲས་འཐོབ་པར་འགན་ལེན་བྱ་དགོས། 


   ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ2022ལོའི་ཟླ་བ5པར་ཁྲེང་ཏུའུ་རུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་འཚོག་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་མི་ཡོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།དུས་རབས་གསར་བའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སི་ཁྲོན་གྱི་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་ཏེ། གྲུབ་འབྲས་ཕུལ་བྱུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ལ་བསུ་མ་ཞུ་དགོས།


   ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། བློ་མཐུན་ལིའུ་ཙུའོ་མིང་དང་། ལི་ཀང་། ཞའོ་ཡིའུ་ཚའེ་བཅས་ལས་གནས་སྤོས་པ་དང་ལས་འཁྱུར་ངལ་གསོ་སོགས་ཀྱི་དབང་གིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གྱི་གོ་གནས་ལས་དགོངས་ཞུ་བར་ཆོག་མཆན་སྤྲད་པ་རེད།


   ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཁ་སང་གི་དཀའ་སྡུག་བསྔལ་དང་བྱས་རྗེས་མི་བརྗེད་པ་དང་། དེ་རིང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་པ་ལ་ངོ་གནོང་མི་དགོས་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་ཞིང་། ལོ་རྒྱུས་མེ་ལོང་དུ་འཛིན་ཞིང་མ་འོངས་གསར་དུ་གཏོད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ།ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་འབོད་སྐུལ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:རྔ་བ་ནས་གནའ་བོའི་རྡོ་རྩིག་གི་རྗེས་ཤུལ་ཞིག་རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།