རང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་རན་ཡོད།

ཨ་མགོན་གྱིས་བྲིས།        2021-12-03

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་ཀྱི་ནང་དུ། ལོ་བརྒྱའི་སྔོན་ལ།ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས། བདེན་དོན་རྒྱུན་འཁྱོངས་དང་ཕུགས་སེམས་བརྟན་སྲུང་བྱེད་པ་དང་། ཐོག་མའི་ཕུགས་འདུན་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་ལེན་པ། ཚེ་སྲོག་བློས་གཏོང་ཕོད་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ལ་རྒྱབ་འགལ་མི་བྱེད་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་ཆགས་པར་བྱས་ཡོད་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཀྱང་ཡིན། ཞེས་གསུངས་ཡོད།

     ཀྲུང་གོ་ཀྲུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་སྤྱི་ཟླ12པར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིའི་འཐུས་མི་ཚོགས་ཆེན་ནི་རང་རེའི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིས་ཆབ་སྲིད་ཀྱི་ཁེ་དབང་ཁག་བེད་སྤྱོད་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་ལ།ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་བྱེད་སྒོའི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། དེས་ན་ཏང་གི་འཐུས་མི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་དང་བསྟུན་ནས། ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཡོད་པའི་ཏང་མི་ཞིག་ཡིན་ཕྱིན་སྔ་ལས་ལྷག་པ་གོང་གི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་གང་ཐུབ་བྱ་དགོས་པ་ལས་ཐོབ་གོ་ས་དང་ཁེ་སྙན་གྲགས། རྒྱུ་ལོངས་སྤྱོད་རྐྱང་པའི་ཆེད་དུ་ཤ་འབད་རུས་འབད་བྱ་རྒྱུ་མེད་དོ།།

  • ལེ་ཚན་སྔོན་མ།:ཁྲོན་བོད་གཞུང་ལམ་གྱི་གཡང་གཟར་དང་པོ་ཕྱུག་འགྱུར་ལམ་དུ་ཆགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10