རང་སྲོག་བློ་ཡིས་གཏོང་བར་སྐྲག་སྣང་མེད།། མང་ཚོགས་གཉེན་ཉེར་བརྩིས་ནས་བློ་འགེལ་བྱས།།

ཀུན་དགའ་བསམ་གཏན་གྱིས་བྲིས།        2021-12-10

ཀྲའོ་ཅིན་གྱི་སྙིང་སྟོབས་གླེང་བ།

རང་སྲོག་བློ་ཡིས་གཏོང་བར་སྐྲག་སྣང་མེད།། མང་ཚོགས་གཉེན་ཉེར་བརྩིས་ནས་བློ་འགེལ་བྱས།།

2021ལོའི་སྤྱི་ཟླ4པའི་ཚེས18ཉིན། ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་ཡའོ་ཀྲོའུ་ཁུལ་ཀྲའོ་ཅིན་གྲོང་རྡལ་ཁྲེན་ཅ་ཕོ་གྲོས་ཚོགས་ཀྱི་གནས་རྙིང་དུ་འགྲེལ་བཤད་པ་ཆུང་ཆུང་གིས་གསལ་འགྲེལ་བྱེད་བཞིན་པའི་ཚུལ།

རང་སྲོག་བློ་ཡིས་གཏོང་བར་སྐྲག་སྣང་མེད།། མང་ཚོགས་གཉེན་ཉེར་བརྩིས་ནས་བློ་འགེལ་བྱས།།
ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་ཡའོ་ཀྲོའུ་ཆུས་ཀྲའོ་ཅིན་གྲོང་རྡལ་པེ་ལིའང་དམར་དམག་སློབ་ཆུང་གི་སློབ་མ་རྣམས་ལུས་རྩལ་ཐང་དུ་རྒྱུག་བཞིན་པའི་ཚུལ།

དུས་རབས20པའི་ལོ་རབས30པའི་དུས་མགོར།ལིའུ་ཀྲི་ཏན་དང་ཞེ་ཙི་ཁྲང་།ཞི་ཀྲུང་ཞུན་སོགས་གསར་བརྗེ་པ་རྒན་རབས་ཚོས་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་ཀྲུང་གོ་བཟོ་ཞིང་དམར་དམག་འབུམ་ཤོག་ཉེར་དྲུག་པ་བཙུགས་ཤིང་།ཧྲའན་ཞི་དང་ཀན་ལྷོའི་དམིགས་བསལ་ཨུ་ཡོན་ལྷན་ཁང་དང་ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཡོད་ལ། ཀྲའོ་ཅིན་གཙོ་བོར་བྱས་པའི་ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེའི་གནས་གཞིའི་ས་ཁུལ་བཙུགས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ནུབ་བྱང་ས་ཁུལ་དུ་བཙུགས་པའི་རི་ཁུལ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་དང་པོ་དེ་ཡིན་ལ། གསར་བརྗེ་དང་འཐབ་འཛིང་གི་ལག་ལེན་ཁྲོད་ཀྲའོ་ཅིན་གྱི་སྙིང་སྟོབས་བཏོད་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲའོ་ཅིན་གཙོ་བོར་བྱེད་པའི་ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བྲིས་ཡོད། གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གསར་བརྗེའི་སྙིང་སྟོབས་དང་སྤྱོད་ཚུལ་བཟང་པོ་སྔར་ལས་ལྷག་པར་དར་སྤེལ་གཏང་དགོས་ཞེས་གསུངས།

“རུའེ་ཅིན་ལྷོ་ཕྱོགས་སུ་ཡོད་ཅིང་།ཀྲའོ་ཅིན་ནི་བྱང་ཕྱོགས་སུ་ཡོད”ཀྲའོ་ཅིན་དྲན་གསོ་ཁང་དུ་ལོ་རྒྱུས་ཀྱི་པར་རིས་རེ་རེའི་ཐོག་ནས་སྤྱིར་བཏང་མིན་པའི་ལོ་ཟླའི་དཀའ་ཚེགས་བརྗོད་ཅིང་།རིག་དངོས་རྩ་ཆེན་རེ་རེ་ལས་ཁྲག་དང་མེ་ལྟར་འབར་བའི་དུང་སེམས་མངོན་ཡོད།

ཏང་ལ་བློ་དཀར་སེམས་དཀར་དང་དམ་བཅའ་འགྱུར་མེད་ཀྱི་དད་སེམས་བརྟན་པོར་བཅངས།

1927ལོའི་གསར་བརྗེ་ཆེན་པོ་ཕམ་རྗེས། ཏང་གི་བརྒྱད་བདུན་གྲོས་ཚོགས་ཀྱི་སྙིང་དོན་ལྟར། ཀྲུང་གུང་ཧྲའན་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ས་ཞིང་གསར་བརྗེ་དང་དྲག་པོའི་འཐབ་རྩོད་སྤེལ་ཏེ། སྔ་རྗེས་སུ་ཧྲའན་ཞི་དང་ཀན་སུའུ་ས་ཁུལ་དུ་འོས་ལངས་ཐེངས་བཅུ་ཕྲག་ལ་སྐུལ་སློང་དང་མཛུབ་སྟོན་བྱས། ཡིན་ནའང་འོས་ལངས་དེ་དག་ཚང་མ་ཕམ་པར་གྱུར་ཡོད།

“གསར་བརྗེ་བྱས་ན་ཕམ་པར་སྐྲག་རྒྱུ་ཅི་ཡོད། ཕམ་སོང་ན་ཡང་བྱེད་ཆོག་ནི་རེད་ཅེས་ལིའུ་ཀྲི་ཏན་གྱིས་སྐབས་དེ་དུས་བཤད་པ་ལྟར་དཀར་པོའི་འཇིགས་སྐུལ་ལ་ཁ་ཕྱོགས་པ་དང་དགྲ་བོའི་བཤན་གྲིའི་མདུན་དུ་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བས་ཀྲུང་གོའི་གསར་བརྗེའི་མཐོ་རླབས་ཤིག་འཕྱུར་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

ནུབ་བྱང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མནའ་མཐུན་དམག་དཔུང་དང་ཧྲའན་ཞི་དང་ཀན་སུའུ་ཡི་ངེས་མེད་རྒོལ་རྡུང་རུ་ཁག་བཙུགས་པ་ནས་ནུབ་བྱང་ས་ཁུལ་གྱི་གཙོ་ཤུགས་དམར་དམག་འབུམ་ཤོག་དང་པོ་སྟེ་དམར་དམག་འབུམ་ཤོག་ཉེར་དྲུག་གསར་འཛུགས་བྱས་པའི་བར། ངེས་མེད་རྒོལ་རྡུང་གི་འཐབ་རྩོད་སྤེལ་བ་ནས་ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེའི་གནས་གཞིའི་ས་ཁུལ་གསར་འཛུགས་བྱེད་པའི་བར་ཧྲའན་ཞི་དང་ཀན་སུའུ་ཡི་གསར་བརྗེའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་བཏོད་ཡོད། ལིའུ་ཀྲི་ཏན་དང་།ཞེ་ཙི་ཁྲང་།ཞི་ཀྲུང་ཞུན་སོགས་གསར་བརྗེ་པ་རྒན་རབས་ཚོར་གསར་བརྗེའི་ཕུགས་བསམ་དང་དད་སེམས་བརྟན་པོ། ཏང་ལ་བློ་དཀར་ཚད་མེད་བྱེད་པའི་འདེགས་སྐྱོར་ཡོད་པས་མ་ཚད་ཕམ་ཉེས་ཇི་ཙམ་བྱུང་ན་དེ་ཙམ་གྱིས་དཔའ་ངར་ཆེ་རུ་ཕྱིན་ནས་གྲུབ་འབྲས་ཐོབ་ཡོད།

རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་དཔའ་བོའི་བློ་སྟོབས་ལྡན།

“འཇིག་རྟེན་འདི་ནས་བྲལ་ལ་སྤྲོ་བ་རབ་ཏུ་འཕེལ། མིག་ཟུང་བཙུམས་ནས་དར་དམར་གཡོ་བར་རྟེན་འབྲེལ་ཞུ།” ཞེས་པ་ནི་ཡའོ་རྫོང་གི་འོས་ལངས་ཀྱི་མགོ་ཁྲིད་པ་དང་།ཁྲི་ཤོག་ཞེ་གཉིས་པའི་ཁྲི་དཔོན་ཝང་ཐའེ་ཅི་དམག་དཔུང་རྙིང་པས་གཡོ་འཚོང་བྱས་པའི་རྐྱེན་གྱིས་དགྲ་བོས་འཛིན་བཟུང་བྱས་རྗེས་བཙོན་ཁང་དུ་བྲིས་པའི་དགའ་སྐྱོ་གཉིས་ལྡན་གྱི་སྙན་ངག་ཅིག་ཡིན་ཞིང་། དགྲ་བོས་འཇིགས་སྐུལ་དང་བསླུ་བྲིད་ཇི་ལྟར་བྱས་ཀྱང་ཝང་ཐའེ་ཅིས་མགོ་མི་སྒུར་བར་མཐར་དགྲ་བོས་གདུག་རྩུབ་ཆེན་པོས་བསད་ཡོད།

གོ་མིན་ཏང་གི་དམག་དཔུང་གིས་ཞུའེ་ཅ་ཀྲའེ་ལ་སྐོར་བཅོམ་བྱས་པ་དང་། ཧྲའན་ཀན་མཐའ་ཁུལ་གྱི་ངེས་མེད་རྒོལ་རྡུང་རུ་ཁག་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ལི་མིང་ཀྲའེ་སྟབས་མ་ལེགས་པར་སྐུ་གཤེགས། ཀྲའོ་ཅིན་སུའུ་ཆུས་ཤོར་རྗེས། ཧྲའན་ཞི་དང་ཀན་སུའུ་མཐའ་མཚམས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་ཀྲོའུ་ཏོན་ཏུང་དང་།ཝང་ཝན་ལེང་།ཝང་མན་ཐང་སོགས་དགྲ་བོས་བཤན་གྲིའི་འོག་ཏུ་ཚེ་ལས་འདས།

རང་སྲོག་བློས་གཏོང་ཕོད་པའི་འདུན་པ་ཆེན་པོ་ཡོད། ཧྲའན་ཀན་མཐའ་ཁུལ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གསར་འཛུགས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་གུང་ཁྲན་ཏང་མི་དང་གསར་བརྗེའི་མང་ཚོགས་གྲངས་མེད་ཀྱིས་སྔོན་འགྱེལ་རྗེས་མཐུད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་གསར་བརྗེའི་བློ་སྟོབས་དང་རང་སྲོག་བློས་གཏང་རྒྱུར་མི་སྐྲག་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་དཀའ་ཉེན་ལ་མི་སྐྲག་པར་ཡང་བསྐྱར་ཡོང་བ་དང་།ཕམ་ཉེས་དང་བར་ཆད་ཁྲོད་དུ་ཉམས་མྱོང་དང་བསླབ་བྱ་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱས་མཐར་རྒྱལ་ཁ་གསར་པ་གཅིག་རྗེས་གཉིས་མཐུད་དེ་ཐོབ་ཡོད།

རང་ཚུགས་རང་བདག་དང་གསར་གཏོད་ཡར་བརྩོན་གྱི་སྙིང་སྟོབས་ལྡན།

“དམག་འཁྲུག་ཆེན་པོ་མི་རྒྱག་ཅིང་དམག་འཁྲུག་ཆུང་ཆུང་དང་རྒྱལ་ཁ་ཆུང་ཆུང་བསགས་ནས་རྒྱལ་ཁ་ཆེན་པོ་ལེན་པ་དང་།གཙོ་ཤུགས་གཅིག་ཏུ་བསྡུས་ནས་ངེས་མེད་རྒོལ་རྡུང་དམག་འཁྲུག་རྒྱ་ཁྱབ་ཏུ་སྤེལ་བ།མང་ཚོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ”བཅས་བྱས། འདི་ནི1933ལོའི་སྤྱི་ཟླ8པར།ཀྲུང་གུང་ཧྲའན་ཞི་མཐའ་ཁུལ་གྱི་དམིགས་བསལ་ཏང་ཨུས་ཡའོ་རྫོང་གི་ཁྲེན་ཅ་ཕོ་ནས་བསྡུས་པའི་ཏང་སྲིད་དམག་གསུམ་གྱི་མཉམ་འབྲེལ་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ཡིན།

སྐབས་དེར།ཧྲའན་ཀན་མཐའ་ཁུལ་གྱི་གསར་བརྗེའི་འཐབ་རྩོད་ལ་བསྟུད་མར་བར་ཆད་ཚབས་ཆེན་བྱུང་བར་མ་ཟད།གོང་རིམ་རྩ་འཛུགས་དང་འབྲེལ་བ་ཆད་པ་དང་།གནས་གཞིའི་ས་ཁུལ་དེ་ཉིད་ཤི་གསོན་ཆགས་འཇིག་གི་འགག་རྩར་སླེབས་ཡོད། ཁྲེན་ཅ་ཕོ་གྲོས་ཚོགས་ཀྱིས་དོན་དངོས་ལ་གཞིགས་ནས་རང་ཚུགས་རང་བདག་གི་སྒོ་ནས་དོན་དངོས་དང་མཐུན་པའི་འཐབ་ཇུས་བྱེད་ཕྱོགས་འཚོལ་ཞིབ་དང་གཏན་འབེབས་བྱས་པ་དང་།དཔུང་སྡེའི་ནང་གི་གཡས་ལྷུང་སྐྱོ་སྣང་གི་བསམ་ཚུལ་དང་དམར་དམག་ཁ་གྲམ་པའི་ནོར་འཁྲུལ་གྱི་འདོད་ཚུལ་ཡོ་བསྲང་བྱས་ཤིང་། གནས་གཞིའི་ས་ཁུལ་གཅིག་བསྡུས་བྱེད་པའི་ཕྱོགས་སོ་སོའི་གསར་བརྗེའི་དྲག་དཔུང་གི་མགོ་ཁྲིད་གཅིག་གྱུར་བྱས་ཡོད།

ཁྲེན་ཅ་ཕོ་གྲོས་ཚོགས་ཀྱིས་ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེ་གནས་བབ་ཉམས་དམན་པ་ལ་འགྱུར་ལྡོག་ཆེན་པོ་བཏང་ནས།དམར་དམག་འབུམ་ཉེར་དྲུག་པ་སླར་གསོ་དང་བསྐྱར་འཛུགས་བྱེད་པ་དང་།ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེ་གནས་གཞིའི་ས་ཁུལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།ཧྲའན་ཞི་དང་ཀན་ལྷོའི་གསར་བརྗེ་གནས་གཞིའི་ས་ཁུལ་འཛུགས་པ་བཅས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

དོན་དངོས་ནས་མགོ་བརྩམས་ཏེ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ལས་ཀའི་སྤྱོད་ཚུལ་སྤེལ།

ས་ཞིང་གསར་བརྗེ་སྤེལ་ནས"ས་ཞིང་འདེབས་མཁན་རང་ལ་དབང་བ"དངོས་སུ་གྲུབ་པ་དང་། ཞིང་བདག་གི་འབྲུ་མཛོད་ཕྱེ་ནས་འབྲུ་རིགས་བགོ་བའི་འཐབ་རྩོད་བྱེད་པ། མཐའ་མཚམས་ས་ཁུལ་གྱི་བྱེད་ཐབས་འདི་དག་གིས་མང་ཚོགས་ཀྱི་གསར་བརྗེའི་སྤྲོ་སེམས་སྐུལ་སློང་བྱས་ཤིང་།ཧུར་ཐག་གིས་དམག་མི་དང་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བྱས་ཏེ།

གནས་གཞིའི་ས་ཁུལ་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་དགའ་འོས་པའི་རྣམ་པ་ཞིག་མངོན་ཡོད།

ཧྲའན་ཞི་དང་།ཀན་སུའུ།ཧོ་པེ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱིས་དོན་དངོས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་དེ་གཏིང་ཟབ་ལ་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་ཀྱི་ལས་དོན་བསྒྲུབས་པས་མང་ཚོགས་དང་ཡུག་གཅིག་ཏུ་འབྲེལ་ནས་བདེ་སྡུག་མཉམ་མྱོང་བྱས་པར་མི་དམངས་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད།

1935ལོའི་སྤྱི་ཟླ7པར།གོ་མིན་ཏང་གི་དམག་དཔུང་གིས་ཧྲའན་ཞི་དང་ཀན་སུའུ།ཧྲའན་པེ་གནས་གཞིའི་ས་ཁུལ་གྱི་ཐེངས་གཉིས་པའི་གསར་བརྗེར་ངོ་རྒོལ་གྱི“སྐོར་བཅོམ”རྩ་བ་ནས་རྡུལ་དུ་བརླགས་ཤིང་།གནས་གཞིའི་ས་ཁུལ་གཉིས་ཡུག་གཅིག་ཏུ་འབྲེལ་ནས་ཧྲའན་ཞི་དང་ཀན་སུའུ་གཉིས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་ཆགས། ལོ་དེའི་ཟླ་བ10བར།ཀྲུང་གུང་ཀྲུང་དབྱང་གིས་དམར་དམག་འབུམ་ཤོག་དང་པོ་དང་།དམར་དམག་འབུམ་ཤོག་གསུམ་པ།དམག་ཨུའི་ཙུང་ཏུའེ་རུ་ཁག་བཅས་ནས་བཅོས་སྒྲིག་བྱས་པའི་ཧྲའན་པེ་དང་ཀན་སུའུ་ཡན་ལག་རུ་ཁག་ཁྲིད་དེ་ཧྲའན་པེ་ཝུའུ་ཆི་གྲོང་རྡལ་དུ་འབྱོར་ཞིང་།ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་རྒྱལ་ཁའི་ངང་རྒྱང་སྐྱོད་མཇུག་བསྒྲིལ་ཡོད།

1945ལོའི་སྤྱི་ཟླ4བར།མའོ་ཙེ་ཏུང་གིས་ཏང་གི་ཚོགས་ཆེན་བདུན་པའི་གྲ་སྒྲིག་ཚོགས་འདུའི་ཐོག་ཏུ“ངས་ཧྲའན་པེ་ནི་གནད་གཉིས་ཡིན་ཏེ།གཅིག་ནི་མགོ་རྩོམ་ས་དང་གཅིག་ནི་རྐང་འཛུགས་ས་ཡིན་ཞེས་གསུངས།

ཧྲའན་ཞི་དང་ཀན་སུའུ་གཉིས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་ནི་ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་མཇུག་ཏུ་ཧ་ཅང་ལེགས་པར་གནས་ཤིང་ཅུང་ཆ་ཚང་བ་དང་བརྟན་པོ་ཡིན་པའི་གནས་གཞིའི་ས་ཁུལ་ཞིག་ཡིན། དེའང་ཀྲུང་གོའི་གསར་བརྗེའི་མགོ་རྩོམ་ས་སྟེ་དམར་དམག་རྒྱང་སྐྱོད་འདི་ནས་མགོ་བརྩམས་ཏེ་རི་འགོག་གཡུལ་སར་བསྐྱོད་པ་དང་།ས་ཞིང་གསར་བརྗེའི་དམག་འཁྲུག་དེ་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་འཕོ་འགྱུར་བྱུང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེའི་འཐབ་རྩོད་ལ་མགོ་ཁྲིད་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ལེ་ཚན་གསར་པ་བཏོད་ཡོད།

དུས་ཀྱི་འཁོར་ཕྱོགས་འགྱུར་བ་དང་བསྟུན། ད་ཆའི་ཀྲའོ་ཅིན་དེ་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་ཞིག་ཡིན་པར་མ་ཟད།ཀྲའོ་ཅིན་གྱི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པའི་ངོས་ནས་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།

ཀྲའོ་ཅིན་དྲན་གསོ་ཁང་གི་མགོ་འཛིན་གཞོན་པ་སུང་ཅན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།དྲན་གསོ་ཁང་གིས་ལོ་ལྟར་ཡུལ་སྐོར་བ་མི་ཁྲི80ལྷག་ཙམ་ལ་སྣེ་ལེན་ཞུ་བ་དང་ན་གཞོན་མང་པོ་ཞིག་དེ་གར་སློབ་གསོ་དང་ལེན་བྱེད་སར་ཡོང་གི་ཡོད། 2020ལོའི་ལོ་མཇུག་བར་ཀྲའོ་ཅིན་གྱི་སྙིང་སྟོབས་ལ་བརྟེན་ནས་སྐོར་འགྲེམས་བྱ་རྒྱུ་དེ་གྲོང་ཁྱེར44ལ་ཁྱབ་པ་དང་འགྲེམས་སྟོན་ཐེངས55གཉེར་བ་དང་མི་ཁྲི400ཙམ་ལ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བྱས་ནས་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

2018ལོའི་སྤྱི་ཟླ5པའི་ཚེས30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲའོ་ཅིན་པེ་ལེའང་དམར་དམག་སློབ་ཆུང་གི་སློབ་མར་སྤྲིངས་པའི་ཡིག་ལན་ནང“ཁྱོད་ཚོས་ཀྲུང་གོའི་གསར་བརྗེ་དང་།འཛུགས་སྐྲུན།བསྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཤེས་བྱ་ཤེས་རྟོགས་མང་ཙམ་བྱས་ནས་དཔའ་བོ་དཔེ་བཟང་མི་སྣར་སློབ་སྦྱོང་མང་ཙམ་བྱས་ཏེ་ཏང་དང་མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས།

གཞི་རིམ་གྱི་ཏང་གི་ལོ་རྒྱུས་ལས་དོན་པ་ཞིག་ཡིན་པའི་སུང་ཅན་པིང་གིས་ཚང་མས་ཀྲའོ་ཅིན་གྱི་སྙིང་སྟོབས་མྱོང་ཚོར་གཏིང་ཟབ་བྱས་ནས་ཀྲའོ་ཅིན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པར་གཟི་བརྗིད་འཕྲོ་བར་བྱས་ཏེ་ནམ་ཡང་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།