མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

        2021-12-09

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།


   སྤྱི་ལོ2021ལོའི་ཟླ12པའི་ཚེས6ཉིན་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་གྲངས་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་སློབ་མའི་བློ་རིག་སྦྱོང་པའི་ལག་རྩེད་བྱེད་སྒོ་ཞིག་སློབ་གྲྭའི་ཉི་འོད་ཚོམས་ཆེན་དུ་སྤེལ་བ་རེད།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

   གྲངས་རིག་ནི་ཤེས་བྱ་ཐམས་ཅད་ཀྱི་ཨ་མ་ཡིན་ལ། གྲངས་རིག་ནི་ཤེས་བྱ་ཐམས་ཅད་ཀྱི་བློ་སྒོ་འབྱེད་པའི་ལྡེ་མིག་ཀྱང་ཡིན། དེ་བས་སློབ་ལ་བརྩོན་པའི་སློབ་མ་ཡིན་ནས་བཟུང་ཅིས་ཀྱང་གྲངས་རིག་སྦྱོང་དགོས། གལ་ཏེ། གྲངས་རིག་མ་སྦྱང་ན་སློབ་སྦྱོང་ལ་སྟོབས་ཤུགས་མེད་པ་དང་བསམ་བློ་ལ་ཁ་ཕྱོགས་མེད། གལ་ཏེ། གྲངས་རིག་མ་སྦྱང་ན་འཕུར་འདོད་ཀྱང་གཤོག་པ་མེད་པ་ལྟ་བུ་དང་བགྲོད་སའི་ལམ་བུའི་ཁ་ཞེང་དོག་པ་སོགས་ཀྱི་གྲངས་རིག་གི་དགོས་གལ་ཆེ་བའི་རྩ་དོན་ལ་དམིགས་ནས་སློབ་གྲོགས་རྣམས་ཀྱི་གྲངས་རིག་སྦྱོང་བའི་དགའ་ཕྱོགས་སྐྱེད་སྲིང་བྱ་ཆེད་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་རེད་འདུག།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།


   བྱེད་སྒོའི་རྣམ་གྲངས་ནི་དགུ་སྒྲིག་དང་རྡེའུ་ལྔ་མིག་མངས་གཉིས་ཡིན། འགྲན་སྡུར་བྱེད་པའི་གོ་རིམ་ཁྲོད་གྲངས་རིག་སྡེ་ཁག་གི་དགེ་རྒན་རྣམས་ཀྱིས་འདྲ་མཉམ་དྲང་བཞག་གི་སྒོ་ནས་ཤན་འབྱེད་བྱས་ཡོད་པ་དང་། བྱེད་སྒོ་ཁྲོད་ཁྱོན་བསྡོམས་སློབ་མ་བདུན་ཅུ་དོན་གཉིས་ཞུགས་ཤིང་། སློབ་གྲོགས་རྣམས་ཀྱིས་དུས་ཚོད་དམ་འཛིན་དང་ནུས་པ་གང་ཡོད་ཀྱི་སྒོ་ནས་ཉིན་ཕྱེད་རིང་ལ་འགྲན་སྡུར་བྱས་མཐར་བསྡོམས་པས་སློབ་མ་ཉི་ཤུ་རྩ་ལྔ་ལ་ཨང་རིམ་གྱི་བྱ་དགའ་དང་སློབ་མ་བཅུ་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

   མཇུག་མཐར་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་སློབ་གྲོགས་ཚོར་རིམ་པ་མི་འདྲ་བའི་བྱ་དགའ་གནང་བ་དང་། གྲངས་རིག་སྡེ་ཁག་གི་སྡེ་གཙོ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བྱེད་སྒོའི་མཇུག་སྡུད་གཏམ་བཤད་གནང་རྗེས་དགེ་སློབ་ཡོངས་ཀྱི་དགའ་བ་འབུམ་དང་རེ་སྨོན་ཁྲི་ཕྲག་གི་ཀློང་ནས་བྱེད་སྒོ་ཡོངས་སུ་མཇུག་རྫོགས་སོ།།


སྐལ་ལྡན་སློབ་བུའི་དད་བརྩོན་ཉི་གཞོན་ལ།།

སྦྲང་ཆར་བསིལ་མའི་འཇའ་ཚོན་མདངས་བཀྲ་བ།།

ཕྱོགས་ཀུན་འཁྱུད་པའི་རྩེ་དགའ་མེ་ཏོག་བཞིན།།  

མཛེས་སྡུག་ཡིད་འོང་སྐྱེད་ཚལ་བརྒྱན་གྱུར་ཅིག།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱེད་སྒོ་འདི་འདྲ་ཞིག་སྤེལ།



གསར་འགོད་པ། རིན་ཆེན་དོན་གྲུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིར་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།